ཉིང་ཁྲི་གྲོང་ཁྱེར་གྱི་རྫོང7ལ་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་དངུལ་རྩ་ལས་ཁུངས་ཀྱིས་ལག་ཐོག་དངུལ་ཁང་གི་དབུལ་སྐྱོར་དམིགས་བཙུགས་སྟེགས་བུ་ལ་བརྟེན་ནས་ཞིང་ལས་ཐོན་རྫས་ཀྱི་འདོན་སྤྲོད་དང་དགོས་མཁོ་ཕྱོགས་གཉིས་ནས་འགོ་བརྩམས་ཏེ། རོང་འབྲོག་མང་ཚོགས་གྱི་ཞིང་ལས་ཐོན་རྫས་སྤུས་ལེགས་ལ་བདག་པོ་བཙལ་བ་བརྒྱུད་དེ། ཐོན་ལས་དབུལ་སྐྱོར་ཉོ་སྒྲུབ་རྒྱུན་འཁོར་གྱི་མཇུག་མཐའི་ལེ་བར་གཅིག་དངོས་སུ་ཤར་གཏོང་བྱས་པ་རེད། 

ཉིང་ཁྲི་གྲོང་ཁྱེར་དངུལ་རྩའི་ལས་ཁུངས་ཀྱིས་ཕྱོགས་གཅིག་ནས་རྫོང(ཆུས)སོ་སོའི་ཡན་ལག་དངུལ་ཁང་དང་ཁོངས་གཏོགས་ཁུལ་གྱི་དབུལ་སྐྱོར་ཁེ་ལས་བར་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ཁེ་ལས་ཀྱི་གློག་རྡུལ་ཚོང་དོན་ཉོ་ཚོང་གསོ་སྦྱོང་བྱས་པ་དང་། དབྱེ་ཞིབ་ལམ་ཐིག་དང་དྲ་ཕྱིའི་ཕྱིར་ཚོང་གྲངས་གཞི་བརྒྱུད་དེ་ཁེ་ལས་དང་ཞིང་ཁྱིམ་ལ་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་ཕྱིར་ཚོང་དང་བསྡོམས་རྩིས་སོགས་ཐད་ཀྱི་ལེགས་ཆ་དྲིལ་བསྒྲགས་བྱས་པ་དང་འབྲེལ། དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་ཐུམ་སྒྲིལ་དང་། གཉེར་ཚོང་། ཚོང་ཟོག་གཏོང་བ། བསྡོམས་རྩིས་སོགས་ཐོན་རྫས་ཉོ་ཚོང་ཤེས་བྱ་རབ་དང་རིམ་པ་ཁྲིད་ནས། མཁོ་སྤྲོད་ཀྱི་དངུལ་རྩའི་ཞབས་ཞུ་དམིགས་སར་འབྱོར་བའི་འགན་སྲུང་བྱས་ཤིང་། ཕྱོགས་གཅིག་ནས་དངུལ་རྩའི་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཉམ་འགུལ་བྱས་པ་དང་། ཞིང་ཞོར་ཐོན་རྫས་ཀྱི་དགོས་མཁོའི་སྣེ་ནས་འགོ་བརྩམས་ཏེ། མི་སྔར་ལས་མང་བས་དྲ་ཐོག་གི་དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་བྱེད་པར་སྐུལ་ཁྲིད་བྱས་པ་དང་ཆགས་ཅིག སྐར་གསོག་བརྗེ་སྒྱུར་དང་དུས་བཀག་ལྟར་བཅའ་སྡོད་ཁེ་ལས་ལ་བྲིན་ཚོང་བྱ་འགུལ་སྤེལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་བཏང་།

མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང7ལ་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཡོད་ཅིང་། བསྡོམས་པས་ཁེ་ལས་དང་མཉམ་ལས་ཁང28ཞིང་ལས་དངུལ་ཁང་གི“དབུལ་སྐྱོར་ཚོང་ཁང”སོགས་གློག་རྡུལ་ཚོང་དོན་སྟེགས་བུ་རུ་ཞུགས་ཡོད་པས། དྲ་ཐོག་ནས་ཐོན་རྫས70ལྷག་ཉོ་ཚོང་བྱེད་བཞིན་ཡོད་དེ། ད་ལོའི་རིང་ལ་རོང་འབྲོག་མང་ཚོགས་ལ་ཉོ་ཚོང་ཡོང་སྒོ་སྒོར་ཁྲི20.18མངོན་འགྱུར་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།