ལྷོ་ཁ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བརྟན་པོ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱིས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མ3740ཡི་ཆ་འཕྲིན་ཞིབ་བསྡུར་དང་རོགས་སྐྱོར་སྙོམ་སྒྲིག་གི་ལས་དོན་ལེགས་སྒྲུབ་བྱས་ནས་ཁ་གཏད་རོགས་སྐྱོར་བྱེད་ཚད་100%ཟིན་པས། འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་བསམ་བློར་ཁྲིད་སྟོན་དང་ལྟ་བ་ལ་འགྱུར་ལྡོག་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་འགག་རྩར་བརྩིས་ནས། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དགུན་ཁའི་གུང་གསེང་རིང་ཕ་ཡུལ་དུ་ལོག་པ་གོ་སྐབས་སུ་བྱས་ཏེ་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་གཏིང་ཟབ་བྱས་པ་རེད།  ཟླ་1པོ་ནས་3པའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་བསྡོམས“སྐྱོད་པ་ལྔ་དང་སྐྱེལ་བ་གཅིག”གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་14སྤེལ་ཏེ་མཐོ་སློབ་སློབ་ཐོན་སློབ་མ་མི་ཐེངས་2130ལ་ཁྱབ་ཡོད། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་དྲིལ་བསྒྲགས་ཁྲིད་སྟོན་གྱི་ལས་ཀའི་རྣམ་པ་ཞིག་གྲུབ་པ་དང་། ཁ་པར་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁ་གཏད་རོགས་སྐྱོར་བྱེད་མཁན་ལས་བྱེད་པས་ཁ་པར་གྱི་འབྲེལ་མཐུད་དང་དྲ་ཐོག་ཞབས་ཞུ་སོགས་ཀྱི་བྱེད་སྟངས་སྤྱོད་རྒྱུར་ཁྲིད་སྟོན་གྱིས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ། དཔེ་མཚོན་དྲིལ་བསྒྲཌ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་ལས་ཞུགས་དང་། རང་བརྟེན་ལས་གཏོད། ལྗོངས་ཕྱིར་ལས་ཞུགས་བཅས་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མའི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་དབྱེ་ཞིབ་ནན་ཏན་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དཔེ་མཚོན་བྱས་རྗེས་10འཚོལ་བསྡུ་ལེགས་སྒྲིག་དང་། ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བར་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཁེ་ལས་25ཡི་སྤུས་ལེགས་ལས་གནས་445འཚོལ་བསྡུ་ལེགས་སྒྲིག དེ་བཞིན་དྲ་བའི་ལས་ཞུགས་ལས་སྟེགས་བསྐྲུན་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་དྲ་ཐོག་ལས་བསྡུའི་ཚོགས་འདུ་སྐབས་དང་པོ་སྒྲིག་འཛུགས་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།