ལྷ་སའི་མཁར་རུ་ཤང་གིས་ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་པ།

༡.jpg

འདི་ནི་མེ་ཏོག་དང་ལྗོན་ཤིང་གིས་བརྒྱན་པའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་མཁར་རུ་གྲོང་ཚོ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་སྒང་གི་ཟླ4པར་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་དཔྱིད་དཔལ་རབ་ཏུ་བཞད་ཡོད། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་སྙེ་མོ་རྫོང་མཁར་རུ་ཤང་ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་རྣམས་ཆུ་ཚན་ས་ཚིགས་དང་། བྱ་གསོ་ར་བ། འདེབས་འཛུགས་གླིང་ཁུལ་སོགས་སུ་ལས་ལ་བྲེལ་བཞིན་ཡོད། 

ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་གྱི་འཕེལ་རྒྱས་ལམ་བུ་འདིས་མཁར་རུ་གྲོང་ཚོར་སྲོལ་རྒྱུན་གྱི་ཞིང་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔྱིད་ཀ་སླེབས་སུ་བཅུག ས་གནས་དེ་གའི་མང་ཚོགས་སྒོ་འགྲམ་དུ་ལས་ཞུགས་ཐུབ་ནས་དབུལ་པོའི་ཞྭ་མོ་ཕུད་དེ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པ་རེད།

༢.jpg

འདི་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་མཁར་རུ་གྲོང་ཚོའི་ལོ་ངོ་སྟོང་གི་སྟར་སྡོང་རེད། 

2018ལོའི་ལོ་མཇུག་ཏུ་མཁར་རུ་ཤང་གིས་བོད་སྐྱོར་མ་དངུལ་ལ་བརྟེན་ནས་ཆུ་ཚན་ས་ཚིགས་སྐྲུན་འགོ་ཚུགས་པ་དང2019ལོའི་ཟླ5པར་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ལྷུང་ལྷུང་དུ་འབབ་པའི་ཆུ་ཚན་གྱི་འགྲམ་དུ་ལྗོན་ཤིང་སྣ་ཚོགས་ཡོད་པས་མི་རྣམས་ལ་སྤྲོ་སྣང་སྦྱིན་པ་རེད། བོད་ཡུལ་གྱི་ཞིམ་ཟས་དང་། སྤྲོ་གསེང་རོལ་རྩེད། དམངས་སྲོལ་ཉམས་ལེན་བཅས་གཉེར་སྐྱོང་བྱས་པ་ནས་བཟུང་དེ་གྲོང་མི་དང་ཡུལ་སྐོར་བའི་གཟའ་མཇུག་གི་ངལ་གསོའི་ཉིན་མོར་ཡུལ་སྐོར་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། 2019ལོར་ཆུ་ཚན་ས་ཚིགས་ཀྱིས་ལས་མིར་གླ་ཆ་སྒོར་ཁྲི60སྤྲད་དེ་ས་གནས་དེ་གའི་གྲོང་མིར་ཁེ་སྤོགས་སྒོར་ཁྲི45བགོས་ནས་གྲོང་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་ཙམ་ཡོད་པ་མངོན་འགྱུར་བྱུང་།

༣.jpg

འདི་ནི་བདེ་ཆེན་པད་སྒྲོན་ཚང་གི་ནས་ཆང་ཁང་རེད། 

ཆུ་ཚན་ས་ཚིགས་གཉེར་སྐྱོང་ཡག་པོ་བྱས་པ་དང་ཆབས་ཅིག་ཏུ་ས་གནས་དེ་གའི་མང་ཚོགས་ཀྱིས་ད་དུང་མཁར་རུ་ཤང་ལྗང་མདོག་ཞིང་ལས་འཕེལ་རྒྱས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་བརྒྱུད་དེ་དེ་སྔའི་ནས་རྐྱང་འདེབས་འཛུགས་ཀྱི་སྲོལ་རྒྱུན་ཞིང་ལས་གྲུབ་ཆ་ལེགས་སུ་བཏང་བ་དང་། ཁམ་བུའི་སྣ་ཁ་མང་པོ་ནང་འདྲེན། བོད་བྱ་གསོ་སྤེལ་སོགས་དེང་རབས་ཞིང་ལས་འཕེལ་རྒྱས་བཏང་ནས་ས་གནས་དེ་གའི་མང་ཚོགས་སྒོ་འགྲམ་དུ་ལས་ཞུགས་བྱས་ནས་གླ་ཆ་ལེན་ཐུབ་པ་བྱས་ཡོད། 

༤.jpg

འདི་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་མཁར་རུ་གྲོང་ཚོའི་གཙང་ཞིང་གྲལ་འགྲིག་པའི་གྲོང་ཚོའི་ལམ་རེད། 

ཆུ་ཚན་ས་ཚིགས་དང་། བྱ་གསོ་ར་བ། ཁམ་བུ་སོགས་འདེབས་འཛུགས་གླིང་ཁུལ་གྱི་གང་སར་མཁར་རུ་ཤང་གི་མིས་ལས་ལ་བྲེལ་བའི་གཟུགས་བརྙན་མཐོང་ཐུབ། སྐྱེ་ཁམས་མི་སྡོད་ལ་འཚམ་པའི་ཁོར་ཡུག་ཏུ་གྲོང་ཁྱེར་ཀྱི་མི་རྣམས་འཚང་ཁ་ཤིག་ཤིག་ངང་ཡོང་ནས་སྐྱེལ་འདོད་ཀྱི་འཚོ་བ་ཉམས་ལེན་བྱེད་བཞིན་ཡོད། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་སོང་བའི་ཐུན་མོང་དཔལ་འབྱོར་གྱིས་ས་གནས་དེ་གའི་མི་རྣམས་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་ཡོང་བ་བྱས་ཡོད། དེ་སྔ་སྐད་གྲགས་མེད་པའི་ལུང་ཤུར་ཆུང་ཆུང་དེ་མང་ཚོགས་ཀྱི་མཐོང་ལམ་དུ་སྐྱོད་བཞིན་ཡོད་པ་དང་རྒྱལ་ལམ318ཀྱི་ལམ་རྒྱུད་དུ་ཡོད་པའི་ཡུལ་སྐོར་ལ་རིམ་བཞིན་བཀྲག་མདངས་འཚེར་བཞིན་ཡོད། །  

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།