འདི་ནི་ཀུང་ཟིའི་ལས་བཟོ་བས་ལས་གཉེར་བྱེད་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་རོང་འབྲོག་པའི་སྨྱན་བྱད་བརྡ་ཁྱབ་ཀུང་སི་ཐོག་མ་སྒོ་བྱང་བཀལ་ཏེ་དངོས་སུ་བཙུགས་པ་མ་ཟད། ཚོད་ལྟའི་ཚུལ་དུ་འཁོར་སྐྱོད་ཚོང་གཉེར་བྱེད་འགོ་བརྩམས།
རྒྱུས་ལོན་པ་ལྟར་ན། ཀུང་སི་འདིའི་མིང་ཁ་ཚང་ལ“ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དར་མཚོ་སྨྱན་སྦྱོར་བརྡ་ཁྱབ་ཚད་ཡོད་འགན་འཁྲི་ཀུང་སི”ཞེས་འབོད་པ་དང་། དེ་བྲག་ཡིབ་ཆུས་ཀྱི་བདེ་སྐྱིད་ལམ་གསུམ་པ་རུ་གནས་ཡོད། ད་ལྟ་ལས་བཟོ་བ7ཡོད་པ་དང་ཇུས་འགོད་པ2ཕུད། ཁྲིམས་བཀོད་མི་སྣ་དང་ལས་མི་གཞན་དག་ཚང་མ་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་ཐང་སྟེང་གྲོང་ཚོའི་རོང་འབྲོག་པ་ལས་གྲུབ་པ་དང་། དེ་ནི་བྲག་ཡིབ་ཆུས་ཀྱི་རོང་འབྲོག་པའི་སྨྱན་སྦྱོར་བརྡ་ཁྱབ་ཀུང་སི་ཐོག་མ་ཡིན། ཀུང་སིའི་སྒྲིག་ཆས་ཐད་བསྡོམས་པས་མ་དངུལ་སྒོར་ཁྲི100བཏང་ཡོད་ཅིང་། མིག་སྔར་གཙོ་བོ་བརྡ་ཁྱབ་ཇུས་འགོད་དང་། བཟོ་སྐྲུན། བོད་རྒྱ་ཡིག་སྒྱུར། གཉེན་སྟོན་གྱི་གུས་ལུགས་ཞབས་ཞུ། པར་ལེན་བརྙན་ཕབ་སོགས་ལས་སྒོ32གཉེར་བཞིན་ཡོད། ཀུང་སི་དེ་བཙུགས་པ་ལས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བར་ལམ་བུ་གསར་བ་སྐྲུན་ཡོད་པ་མ་ཟད། དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་བ་བཟང་པོ་བཏོན་པ་དང་ཆབས་ཅིག བྲག་ཡིབ་ཆུས་ཀྱི་བརྡ་ཁྱབ་ལས་རིགས་ཁྲོད་རོང་འབྲོག་མང་ཚོགས་གཉེར་སྐྱོང་ནང་ཞུགས་མེད་པའི་ལོ་རྒྱུས་ཀྱང་མཇུག་སྒྲིལ་བ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་རོང་འབྲོག་མང་ཚོགས་བརྡ་ཁྱབ་ཚོང་གཉེར་བྱ་བའི་ཁྲོད་ཞུགས་པ།