བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྒོ་སླར་ཡང་འབྱེད་རྒྱུ་རེད།

པཔ.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་དང་རིམས་ནད་འགུལ་རྣམ་འགྱུར་ལྡོག་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཚེས21ཉིན་ནས་བཟུང་སྒོ་དབྱེའི་དཔེ་དེབ་གཡར་ཀློག་ཞབས་ཞུ་རིམ་བཞིན་སླར་གསོ་བྱ་རྒྱུ་ཡིན་པ་རེད། 

དཔེ་མཛོད་ཁང་གིས་ནང་ཁུལ་དང་ཁང་བའི་སྒྲིག་བཀོད་སྒྲིག་ཆས་སྣ་ཚོགས་ལ་དུས་བཅད་ལྟར་དུག་སེལ་བྱ་རྒྱུ་དང་། སྒོ་ཕྱེ་རྗེས་གཡར་ཀློག་དཔེ་དེབ་ལ་དུག་སེལ་བྱ་རྒྱུ། ཉིན་རེའི་ཕྱི་དྲོའི་དུས་ཚོད་གཅིག་སྟེང་གཅིག་སྡུད་ཐོག་ལྟ་ཀློག་ས་ཁོངས་སུ་རླུང་རྒྱུ་དབུགས་བརྗེ་བྱས་ནས་ཁང་པའི་ནང་གི་མཁའ་རླུང་འཁོར་རྒྱུག་རྒྱུན་འཁྱོངས་བྱ་རྒྱུ་རེད། 

timgཔཔ.jpg

འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཐོན་ལ་ཉེ་བའི་མཚམས་འདིར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས“དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་ལ་མཁས་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད།  “དཔེ་ཀློག་བོད་ལྗོངས”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས“དཔེ་ཀློག་དེ་འཚོ་བ་སྐྱེལ་སྟངས་ཤིག་ཏུ་འགྱུར་བར་བྱེད”ཅེས་པ་བརྗོད་གཞི་ཡིན་པའི་རྩོམ་པ་པོའི་དཔེ་དེབ་གསར་པ་འོས་སྦྱོར་དང་། དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད། དཔེ་མཛོད་ཁང་དུ་ཉར་བའི་གྲངས་གཞིའི་ཐོན་ཁུངས་འོས་སྦྱོར། མངོན་མིན་རིག་གནས་ཤུལ་བཞག་གི་བྱིས་གླུ་འགྲེམས་སྟོན། མཐོང་སྒྲིབ་ཀློག་པ་པོའི་དྲ་ཐོག་གྱེར་འདོན་འགྲན་བསྡུར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།