གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་སྡེའི་གློག་རྡུལ་ཚོང་དོན་མ་ལག་རགས་ཙམ་གྲུབ་པ།

1.png

འདི་ནི་ཅིང་ཏུང་གཞིས་ཀ་རྩེ་འགྲེམས་ཁང་གིས་ཕྱིར་ཚོང་བྱས་པའི་གཞིས་རྩེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ10པར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིན་གྱི་མཛུབ་སྟོན་འོག་ཅིང་ཏུང་སོགས་རྒྱལ་ནང་གི་གློག་རྡུལ་ཚོང་དོན་ཁེ་ལས་གཙོ་བོར་བརྟེན་ནས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་སྡེའི་གློག་རྡུལ་ཚོང་དོན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་རེད། ལོ་ཕྱེད་ལྷག་ཙམ་རིང་པྲོག་གསར་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ཁྱད་བསད་བྱས་པ་བརྒྱུད་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་སྡེའི་གློག་རྡུལ་ཚོང་དོན་མ་ལག་རགས་ཙམ་གྲུབ་ཡོད། འདི་ནི་ས་གནས་དེ་གའི་ཐོན་ལས་དབུལ་སྐྱོར་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ནས་ས་གནས་དེ་གའི་རོང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱ་རྒྱུ་རེད། 

གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གཞིས་ཀ་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིར་མངགས་བཅོལ་བྱས་ནས་ཅིང་ཏུང་སོགས་དྲ་སྦྲེལ་ཁེ་ལས་དང་མཉམ་འབྲེལ་ཐོག་ལས་སྟེགས་ཁག་གི་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་ནས་གོ་སྐབས་དམ་འཛིན་དང་མཉམ་འདྲེས་ཀྱི་ཐབས་ལམ་ཡང་དག་འཚོལ་བ། རྣམ་གྲངས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གློག་རྡུལ་ཚོང་དོན་ཞིང་སྡེར་ཁྱབ་གདལ་གཏོང་བའི་རྣམ་གྲངས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། 2019ལོའི་ཟླ10པ་ནས་བཟུང་བྲིན་ཚོང་དང་ཁྱབ་གདལ་བྱེད་སྒོ་སྣ་ཚོགས། ཅིང་ཏུང་བོད་ལྗོངས་འགྲེམས་ཁང་། ཅིང་ཏུང་གཞིས་ཀ་རྩེ་འགྲེམས་ཁང་། ཅིང་ཏུང་གཞིས་ཀ་རྩེ་དབུལ་སྐྱོར་ཁང་སོགས་ལས་སྟེགས་ཀྱིས་དྲ་ཐོག་ཕྱིར་ཚོང་བྱས་པའི་དངུལ་འབོར་སྒོར་ཁྲི1000ལྷག་ཙམ་ཟིན་པ་དང་། སྲོལ་རྒྱུན་འགྲེམས་ཁང་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི300ལྷག་ཙམ་ཟིན་ཡོད། 

2.png

འདི་ནི་གློག་རྡུལ་ཚོང་དོན་མི་སྣར་གསོ་སྦྱོང་བྱེད་བཞིན་པའི་ཚུལ་རེད། 

དྲ་སྦྲེལ་ཁེ་ལས་ནང་འདྲེན་དང་དྲ་སྦྲེལ་ཁེ་ལས་ཀྱི་ལེགས་ཆར་བརྟེན་ནས་གཞིས་ཀ་རྩེའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་ཏུ་གཞིས་ཀ་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིའི་གློག་རྡུལ་ཚོང་དོན་གྱིས་གྲོང་ཁྱེར་རིམ་པའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་། དངོས་ཟོག་སྐྱེལ་འདྲེན་མ་ལག་རྒྱ་ཆེར་གཏོང་བ། ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་སྦྲེལ་ཐག་མ་ལག་གཏོད་པ། “ཚོན་མདོག་སྣ་བདུན་གྱི་ཇོ་རིའི”སྤུས་རྟགས་དང་ཚོང་གཉེར་ཞབས་ཞུ་བཏོད་པ། ཤེས་ལྡན་མི་སྣ་འཛུགས་སྐྱོང་དང་གསོ་སྦྱོང་སོགས་ཕྱོགས་ལྔའི་ཐད་ཤུགས་སྣོན་བརྒྱབ་པ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བར་གཞིགས་ན། མིག་སྔར་གཞིས་ཀ་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིའི་གློག་རྡུལ་ཚོང་དོན་གྱིས་སྨི་ངོས་གྲུ་བཞི་མ2000ཟིན་པའི་གྲོང་ཁྱེར་རིམ་པའི་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཤིག་བསྐྲུན་ཟིན་པ་དེའི་ནང་གཙོ་བོ་གློག་རྡུལ་ཚོང་དོན་གྱི་བློ་འདྲི་དང་། ལག་རྩལ། ཇུས་འགོད། སྤུས་རྟགས་ཇུས་འགོད། བཙོངས་རྗེས་དོ་དམ། དྲ་ཐོག་ཕྱིར་ཚོང་། སྲོལ་རྒྱུན་འགྲེམས་ཁང་དུ་ཉམས་ལེན་སོགས“གཅིག་དྲིལ་རྣམ་པའི”ཞབས་ཞུ་ཚུད་ཡོད། གཞན་ཡང་། ཞིང་ཕྱུགས་ཐོན་རྫས་གློག་རྡུལ་ཚོང་དོན་མཁོ་སྤྲོད་སྦྲེལ་ཐག་མ་ལག་ཀྱང་རགས་ཙམ་གྲུབ་ནས“ཚོན་མདོག་སྣ་བདུན་གྱི་ཇོ་རིའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཧུར་ཐག་བསྐྲུན་པ་དང་། ཚོང་གཉེར་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྤུས་རྟགས་དེ་གཞིས་ཀ་རྩེའི་མང་ཚོགས་ཀྱིས་ལོངས་སུ་སྤྱད་ཆོག་པའི་ཁེ་སྤོགས་སྤུས་རྟགས་སུ་གྱུར་བར་བྱ་རྒྱུ་དེ་ཡིན།

3.png

འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་རེད། 

ཤེས་ལྡན་མི་སྣ་ནི་གློག་རྡུལ་ཚོང་དོན་མ་ལག་གི་སྲོག་ཤིང་ཡིན། གཞིས་ཀ་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིས་བོད་ལྗོངས་ཧྭ་ཐུའུ་ལས་རིགས་གསོ་སྦྱོང་སློབ་གྲྭ་སོགས་ལས་སྟེགས་ལ་བརྟེན་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་གློག་རྡུལ་ཚོང་དོན་མི་སྣ300དང་གློག་རྡུལ་ཚོང་དོན་ས་ཚིགས་ཀྱི་འགོ་གཙོ144ལ་གསོ་སྦྱོང་བྱས་པ་དང་བསྡོམས་པས་མི་ཐེངས6096ལ་གསོ་སྦྱོང་བྱེད་པ་ལེགས་འགྲུབ་བྱུང་། མ་འོངས་བར་ད་དུང་གློག་རྡུལ་ཚོང་དོན་གྱི་སློབ་ཆེན་སློབ་མ་ནང་འདྲེན་བྱེད་པ་དང་དྲ་ཐོག་ཕྱིར་ཚོང་སློབ་སྦྱོང་གི་ལས་སྟེགས་གཏོད་པ་སོགས་བྱས་ཏེ་གཞི་རྩའི་ཆ་ནས་རང་བརྟེན་ནུས་པ་ཆེ་རུ་གཏོང་རྒྱུ་རེད། 

4.png

འདི་ནི་སྲོལ་རྒྱུན་གྱི་ཕྱིར་ཚོང་འགྲེམས་ཁང་རེད། 

གཞིས་ཀ་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིས་ཕྱི་ཕྱོགས་དང་དྲ་སྦྲེལ་ཁེ་ལས་ཀྱི“གཞི་རྒྱུ་བསྐྱར་སྒྲིག”དང་ནང་ཁུལ་གྱི“རང་བརྟེན”ནུས་པ་ཆེ་རུ་ཕྱིན་པ་དང་བསྟུན་ནས་གཞིས་ཀ་རྩེའི་ཞིང་སྡེའི་གློག་རྡུལ་ཚོང་དོན་སྐྱེ་ཁམས་མ་ལག་རགས་ཙམ་གྲུབ་ཡོད་ལ། དེ་རྗེས་ཐོན་ཁུངས་ཐད་རྒྱུན་ཆད་མེད་པར་མ་དངུལ་བཏང་སྟེ་གཞིས་ཀ་རྩེའི་ཞིང་སྡེའི་གློག་རྡུལ་ཚོང་དོན་སྐྱེ་ཁམས་མ་ལག་གཏོད་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཏུ་ཕྱི་ནང་གི་ཐོན་ཁུངས་མུ་མཐུད་གཅིག་སྡུད་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་དངོས་ཟོག་སྐྱེལ་འདྲེན་མ་ལག་སྔར་བས་གཏོད་རྒྱུ་རེད། དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པ་དང་ཆབས་ཅིག་ཏུ་འཛད་སྤྱོད་དབུལ་སྐྱོར་ལས་དོན་ཧུར་ཐག་སྤེལ་ནས་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་བརྟན་པོའི་ངང་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།