ནག་ཆུ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་དགུས་ལས་ཞུགས་ལས་སྐྲུན་བྱ་བ་ལེགས་པོར་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་རིང་ལ། ནག་ཆུ་གྲོང་ཁྱེར་གྱིས་ལྗོངས་ཏང་ཨུ་དང་གྲོང་ཁྱེར་ཏང་ཨུའི་ལས་ཞུགས་ལས་སྐྲུན་ལེགས་པོར་སྒྲུབ་པའི་འབྲེལ་ཡོད་བྱ་བའི་ཚོགས་འདུའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་སློབ་ཆེན་སློབ་མའི་ལས་ཞུགས་ལས་སྐྲུན་དང་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱ་བ་ལེགས་པོར་སྒྲུབ་པས་གྲུབ་འབྲས་ཀྱང་ངེས་ཅན་བླངས་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། 2019ལོར་ནག་ཆུ་གྲོང་ཁྱེར་གྱིས་བསྡོམས་པས་རོང་འབྲོག་པ70205ལས་ཞུགས་སྤོ་སྒྱུར་བྱས་པ་དང་། ལས་ཞུགས་སྤོ་སྒྱུར་ལས་ཡོང་སྒོ་སྒོར་ཁྲི97425.31ཇེ་མང་དུ་སོང་བ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་ངལ་རྩོལ་བ་དབུལ་བོ38126ལས་ཞུགས་སྤོ་སྒྱུར་བྱས་ལ། མི54571.83ལས་ཞུགས་སྤོ་སྒྱུར་ལས་ཡོང་སྒོ་འཕར་སྣོན་བྱུང་། མི5539ཡིས་ནུས་རྩལ་གསོ་སྦྱོང་ལེགས་འགྲུབ་བྱས་ཤིང་། གསོ་སྦྱོང་བྱས་རྗེས་ལས་ཞུགས་བྱེད་ཚད80%ལ་སླེབས་ཡོད་པ་རེད། རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་བསམ་བློར་འགྱུར་ལྡོག་བྱུང་ནས་ལས་ཞུགས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་མཐོར་འདེགས་བྱུང་ཡོད་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ལེན་པ་དང་དབུལ་ཐར་འགག་སྒྲོལ་བྱ་བར་རྨང་གཞི་བརྟན་པོ་བཏིང་ཡོད།

ད་ལོ་ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་བརྟན་རླིང་ཡོང་བ་དེ་སྔར་ལས་མངོན་གསལ་གྱི་གནས་བབ་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐབས་ལམ་སྣ་ཚོགས་དང་བྱེད་ཐབས་སྣ་མང་སྤྱད་དེ་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་དང་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་གྱི་ལས་དོན་སོ་སོར་སྐུལ་འདེད་བཏང་བ་རེད།

ད་ལོར་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལྟར། ནག་ཆུ་གྲོང་ཁྱེར་གྱིས་ནུས་རྩལ་གསོ་སྦྱོང་གི་དགོས་མཁོ་བརྟག་དཔྱད་གཏིང་ལོན་ལས་དོན་དང་ལས་གནས་སྦྲེལ་མཐུད་ལས་དོན་སྔ་མོ་ནས་ལེགས་པོར་བསྒྲུབས་ནས། གྲོང་ཁྱེར་ཡོངས་ཀྱི་རོང་འབྲོག་པའི་ངལ་ནུས་གཞི་གྲངས་མཛོད་ཏན་ཏིག་གིས་བསྐྲུན་པ་དང་། རོང་འབྲོག་པའི་ངལ་ནུས་གསོ་སྦྱོང་ལས་ཞུགས་ཀྱི་འདུན་པ་གནད་འཕིགས་ངང་ཚོད་འཛིན་བྱས་ཏེ། རྗེས་མར་ལས་ཞུགས་སྤོ་སྒྱུར་དང་ནུས་རྩལ་གསོ་སྦྱོང་སོགས་ཀྱི་ལས་དོན་སོ་སོ་ཡག་པོ་བསྒྲུབ་པར་རྨང་གཞི་བརྟན་པོ་བཏིང་། རྫོང(ཆུས)སོ་སོས་ལོ་འདིའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཆ་འཕྲིན་གཙང་བཤེར་ལས་དོན་ཧུར་ཐག་གིས་སྤེལ་ནས་ཕྱོགས་ཡོངས་ལ་ཁྱབ་ཚད100%ལ་སླེབས་པ་དང་། གནད་འཕིགས་ཀྱི་མཐོ་སློབ་མཐར་སློབ་མའི་ལས་ཞུགས་ལས་སྐྲུན་གྱི་རྗེས་སྙེག་ཞབས་ཞུའི་ཆ་འཕྲིན་གཞི་གྲངས་མཛོད་བཙུགས་ཡོད།

རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ལས་དོན་དུས་ཐོག་ཏུ་ལེགས་པོར་བསྒྲུབ་པར་སྲིད་ཇུས་ཀྱི་འདེགས་སྐྱོར་དང་མཛུབ་ཁྲིད་འདོན་སྤྲོད་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་སྲིད་ཇུས་གཏན་འབེབས་དང་། བྱ་དགའི་མ་དངུལ་རྩིས་སྤྲོད་བྱེད་པ། སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་མཐོ་སློབ་མཐར་ཕྱིན་སློབ་མ་སྔར་ལས་མང་བའི་ལས་ཞུགས་ལས་སྐྲུན་གྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་བ་རེད། མིག་སྔར་ནག་ཆུ་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མ་ཕྱི་རོལ་དུ་ལས་ཞུགས་ལས་སྐྲུན་བྱེད་པའི་ཁ་གསབ་ཐེབས་རྩ་སྒོར་ཁྲི3000བཙུགས་པ་མ་ཟད། དེ་ད་ལོའི་དམངས་གཉེར་གྱི“དོན་དངོས་བཅུའི”རྣམ་གྲངས་ནང་བཅུག་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།