དུས་ཚིགས་དང་པོར་ཉིང་ཁྲི་གྲོང་ཁྱེར་གྱིས་རོང་འབྲོག་པ5186ལ་ལས་ཞུགས་སྤོ་སྒྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། ཉིང་ཁྲི་གྲོང་ཁྱེར་གྱིས་རོང་འབྲོག་པའི་ལས་ཞུགས་བྱ་བ་ལེགས་པོར་སྒྲུབ་པ་དང་། དུས་ཚིགས་དང་པོར་ཉིང་ཁྲི་གྲོང་ཁྱེར་གྱིས་རོང་འབྲོག་པ475ལ་ནུས་རྩལ་གསོ་སྦྱོང་བྱས་ཤིང་། རོང་འབྲོག་པ5186ལ་ལས་ཞུགས་སྤོ་སྒྱུར་བྱས་ཏེ། ཡོང་སྒོ་སྒོར་ཁྲི1872འཕར་སྣོན་བྱུང་བ་མངོན་འགྱུར་བྱས།

ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱིས་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་དམིགས་འབེན་ལས་འགན་དེ་ལས་རིགས་སོ་སོའི་དོ་དམ་སྡེ་ཁག་ལ་བགོས་ཏེ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱས་ཏེ། ལས་གཞི་གཙོ་བོ་འཛུགས་སྐྲུན་ཐད་ལས་མི་སྤྱོད་པའི་ནུས་ཤུགས་སྔོག་འདོན་བྱས།

 ཉིང་ཁྲི་གྲོང་ཁྱེར་གྱིས“རྒྱུད་གཅིག་རྟེན་གཞི་བཞི”དང་། སྐྱེ་ཁམས་གནས་སྐོར་ལས་རིགས། ཁྲོམ་རའི་ལས་མི་བཀོལ་སྤྱོད་བཅས་ཀྱི་དགོས་མཁོར་དམིགས་ནས། གསོ་སྦྱོང་ཐོན་ཁུངས་སྣ་ཚོགས་གཅིག་བསྡུས་བྱས་ཤིང་།《ཉིང་ཁྲི་གྲོང་ཁྱེར་གྱི2020ལོའི་ལས་རིགས་ནུས་རྩལ་གསོ་སྦྱོང་ཇུས་གཞི》བཟོས་ཏེ། ལོ་ཧྲིལ་བོར་མི་ཁྲི1.53ལ་རིགས་སོ་སོའི་ལས་རིགས་ནུས་རྩལ་གསོ་སྦྱོང་བྱེད་རྩིས་ཡོད་པ་དང་། ཁྲོན་བོད་ལྕགས་ལམ་ཀུང་སི་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས་ལྕགས་རྩིབས་ལས་བཟོ་བ་དང་། ཚ་ལ་རྒྱག་མཁན། འཕྲུལ་གློག་འཕྲུལ་ཆས་ཉམས་གསོ་ལས་བཟོ་བ་བཅས་ཀྱི་གན་བཞག་གནས་ངེས་གསོ་སྦྱོང་བྱེད་རྩིས་ཡོད་པ་དང་། དྲ་ཐོག་གསོ་སྦྱོང་ལ་སྐུལ་འདེད་བཏང་ནས་དྲ་ཐོག་གསོ་སྦྱོང་སྟེགས་བུ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྤྱི་བའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་སུ་སྤྲད་དེ། རིགས་སོ་སོའི་ཚོགས་སྤྱིའི་ནུས་རྩལ་གསོ་སྦྱོང་གི་དགོས་མཁོ་འགན་སྲུང་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།