བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལས་ཁུངས་ཀྱིས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ།

2c004cef-3b55-4fba-bcf3-d68c30996681.jpg.1.jpg

འདི་ནི་མལ་གྲོ་གུང་དཀར་རྫོང་གི་ལས་བྱེད་ལས་བཟོ་དང་དེ་བཞིན་དང་བླངས་པས་ཤིང་འཛུགས་ནགས་བཟོ་བྱེད་བཞིན་པ།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་གཞུང་ཁོངས་ཁེ་ལས་ཀྱི་སྤྱི་ཚོགས་ནུས་པ་འདོན་སྤེལ་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་ཁེ་ལས་དང་བོད་སྡོད་ཀྲུང་དབྱང་ཁེ་ལས་སྒྲིག་གཞིའི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་སྤང་ཕུ་གྲོང་ཚོའི“གཞུང་ཁོངས་ཁེ་ལས་ཀྱི་སྣོད་བཅུད་ར་བར”ཤིང་འཛུགས་ནགས་བཟོ་བྱས་པ་རེད།    ལྕང་མ་འཛུགས་ཡུལ་དུ་ཚང་མས་ལྕགས་ཁྱེམ་ཁྱེར་ནས་ས་སྔོག་པ་དང་། སྡོང་ཕྲུག་འཛུགས་པ། སྡོང་ཕྲུག་ལ་ཆུ་འདྲེན་པ་སོགས་བྱས་ནས་ཚ་ཚ་འུར་འུར་ངང་ཤིང་འཛུགས་ནགས་བཟོ་བྱས་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་རིང་མི་300ལྷག་ཙམ་གྱིས་ཁྱོན་སྡོང་ཕྲུག་རྐང་1000བཙུགས་པ་རེད། མིག་སྔར། སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་སྤང་ཕུ་གྲོང་ཚོའི“གཞུང་ཁོངས་ཁེ་ལས་ཀྱི་སྣོད་བཅུད་ར་བའི”སྤྱིའི་རྒྱ་ཁྱོན་མུའུ་130ལྷག་ཙམ་ཟིན་པ་དང་། སྡོང་ཕྲུག་རྐང་15800འདེབས་འཛུགས་བྱས་པར་རིམ་རྩིས་ལྟར་ན་འགྲོ་སོང་ཁྱོན་བསྡོམས་སྒོར་ཁྲི་299ལྷག་ཙམ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།