བོད་ལྗོངས་ཀྱིས་ཕྱུགས་ལས་གོང་འཕེལ་བཏང་ནས་འབབ་འཕར་གྱི་ལམ་བུར་བསྐྱོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་ཆེད་དོན་ཚོགས་འདུ་སྐོང་ཚོགས་གནང་ནས།  བོད་ལུག་དང་བོད་ཕག་ཐོན་ལས་གོང་འཕེལ་གནས་ཚུལ་གྱི་སྙན་ཞུ་གསན་ཞིང་།  ཐོན་ལས་གོང་འཕེལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག ཕྱུགས་ལས་གཉེར་སྐྱོང་བྱ་རྒྱུ་དེ་ཁྲོམ་རའི་ཁྲིད་ཕྱོགས་རྣམ་པའི་ཐོན་ལས་དང་ཕན་འབྲས་སྔོན་ཐོབ་ཐོན་ལས།  ཚན་རྩལ་གྱི་འདེགས་སྐྱོར་ཐོན་ལས།  སྐྱེ་ཁམས་འབྱུང་འཕྲོད་ཐོན་ལས།  དམངས་ཕྱུག་ཐོན་ལས་བཅས་ལ་གོང་འཕེལ་གཏོང་དགོས་པ་དང་།  རིགས་རྒྱུད་སྤུས་ལེགས་ཐོག་ནས་སྤུས་རྟགས་གཏོད་དེ་སྤུས་རྟགས་ཀྱི་སྙན་གྲགས་ཆེ་རུ་གཏོང་དགོས་པ།  ཐོན་ལས་ལྟེ་བའི་ཁུལ་གསལ་སྟོན་བྱེད་དགོས་པ།  ལག་བསྟར་བྱས་ན་ཆོག་པའི་དམིགས་ཚད་ལས་འགན་བཟོས་ནས་སྐྱེ་ཁམས་ལེགས་པོ་འགན་སྲུང་བྱས་ཏེ་ཞིང་ཕྱུགས་ལས་རིགས་གོང་འཕེལ་དང་གྲོང་གསེབ་དར་རྒྱས།  རོང་འབྲོག་པར་འབབ་འཕར་ཡོང་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།