ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་སུ་མཐའ་མཚམས་ལམ་ཡིག་སྒྲུབ་འགོ་ཚུགས།

微信图片_20200416151651.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིན་དང་བོད་ལྗོངས་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། བོད་ལྗོངས་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཉིང་ལག་རུ་ཁག་གི་ལག་ཁྱེར་སྒྲུབ་གཉེར་ཁང་གི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་ནས་དངོས་སུ་མང་ཚོགས་ལ་མཐའ་མཚམས་ཀྱི་ལམ་ཡིག་སྒྲུབ་འགོ་ཚུགས་པ་རེད།

微信图片_20200416151654.jpg

དེའི་རྗེས་གྲོང་མི་དང་ཡུལ་སྐོར་བས་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་དང་བོད་ལྗོངས་ས་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཉིང་ལག་རུ་ཁག་གི་ལག་ཁྱེར་སྒྲུབ་གཉེར་ཁང་གཉིས་ཀ་ནས་མཐའ་མཚམས་ལམ་ཡིག་སྒྲུབ་ཆོག་པ་རེད།

གྲོང་མི་སྐལ་བཟང་ཚེ་རིང་གིས་གསར་འགོད་པར་མཐའ་མཚམས་ས་ཁུལ་དུ་སྐྱེལ་འདྲེན་བྱེད་པར་ཡང་ཡང་འགྲོ་དགོས་པས་རྟག་ཏུ་མཐའ་མཚམས་ཀྱི་ལམ་ཡིག་སྒྲུབ་དགོས་ཀྱིན་འདུག ད་ལྟ་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་སུ་མཐའ་མཚམས་ལམ་ཡིག་སྒྲུབ་ཆོག་པས་ཧ་ཅང་སྟབས་བདེ་བཟོས་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།