ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནགས་ཚལ་མེ་སྐྱོན་ཁྲོད་མི་སྣར་འཆི་རྨས་གནས་ཚུལ་བྱུང་མེད།

微信图片_20200416150608.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད17དང་སྐར་མ35ལ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གནས་གཞི་གྲོང་ཚོའི་ཉེ་འཁོར་གྱི་རིར་མེ་ཤོར་ཞིང་། མེ་སྐྱོན་བྱུང་ས་ནི་བྲག་ཡིབ་ཆུས་གནས་གཞི་གྲོང་ཚོ་ནས་བར་ཐག་སྤྱི་ལེ5ཡོད་པའི་རི་སྐེད་དུ་ཡིན་པ་དང་། དེར་ས་བབ་མཐོ་ཚད་སྨི3000ལྷག་ཙམ་ཡོད། ཆ་སྙོམས་གྱེན་གྱི་གཟར་ཚད་ཧ་ལམ་ཏུའུ70ཟིན་པ་དང་། རི་སྟེང་དུ་སྐྱེ་ཤིང་མང་ཆེ་བ་གསོམ་ཤིང་ཡིན་པའི་ཁྲོད་དུ་བེ་དོ་དང་སྡོང་ཐུང་ཕྲན་བུ་ཡོད་ལ། ནགས་ཁྲོད་དུ་ས་རྒྱུ་སྣག་མོ་ལི་སྨི10ནས20བར་ཡོད།

མེ་སྐྱོན་བྱུང་རྗེས། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཧ་ཅང་ཆེན་པོ་གནང་ཞིང་། ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་དེ་མ་ཉིད་དུ་ལས་དོན་ཚོགས་ཆུང་མེ་སྐྱོན་ཐོན་སར་ལས་དོན་ལ་མཛུབ་ཁྲིད་བྱེད་པར་གཏོང་དགོས་ཞེས་མཛུབ་སྟོན་གནང་ཡོད། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མེ་སྐྱོན་ཐོན་སར་འཕྲལ་སྒྲུབ་བཀོད་འདོམས་པུའུ་བཙུགས་ནས་ནགས་ཚལ་མེ་སྐྱོན་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཡོད། 

微信图片_20200416150545.gif

微信图片_20200416150555.gif

མེ་སྐྱོན་ཐོན་སའི་འཕྲལ་སྒྲུབ་བཀོད་འདོམས་པུས་ཛ་དྲག་ཚོགས་འདུ་ཐེངས་གསུམ་བསྟུད་མར་འཚོགས་ཤིང་། མེ་གསོད་ནང་ཞུགས་མཁན་མི་སྣའི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ཚན་རིག་དང་མཐུན་པའི་ངང་མེ་གསོད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ས་བབ་དང་། ས་ངོས་ཆགས་ཚུལ། ནགས་སའི་ཆ་རྐྱེན། གནམ་གཤིས་རྒྱུ་རྐྱེན་བཅས་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་དང་མེ་ཆེ་ཆུང་ལ་བརྡར་གཅོད་བྱས་རྗེས། གྲོང་ཚོའི་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་གྱོང་གུན་ཆུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ད་དུང་མེ་གསོད་ལས་དོན་ལ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་ཀྱང་བྱས་ཡོད། 

微信图片_20200416150600.jpg

མེ་སྐྱོན་ཐོན་སའི་འཕྲལ་སྒྲུབ་བཀོད་འདོམས་པུས་མེ་གསོད་དང་ནགས་ཚལ་མེ་གསོད་སོགས་ཀྱི་འབྲེལ་ཡོད་མི་སྣ་907དུས་ཐོག་ཏུ་སྒྲིག་འཛུགས་བྱས་ཏེ། མེ་གསོད་ལས་ཀའི་ནང་ཞུགས་པ་དང་། མངོན་མེད་རྐྱེན་ངན་ལྡན་པའི་གློག་ཆས་སྤྱོད་མཚམས་བཞག་པ། ཉེན་ཆེའི་དངོས་རྫས་དུས་ཐོག་ཏུ་ས་ཆ་གཞན་ལ་བསྐྱལ་བ། མཐའ་འཁོར་གྱི་དུད་ཚང་115ཡི་མི་435ཚང་མ་བདེ་འཇགས་ངང་ཕྱིར་འཐེན་བྱས་པས། མི་སྣ་འཆི་རྨས་བྱུང་མེད་ཅིང་མེ་སྐྱོན་བྱུང་རྐྱེན་རྩད་གཅོད་བྱེད་བཞིན་ཡོད་པ་རེད། 

微信图片_20200416150604.jpg

རྗེས་མར་ཕྱོགས་ཁག་གི་རོགས་སྐྱོབ་མི་སྣས་རྦད་དེ་བདེ་འཇགས་ཡོང་བ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚན་རིག་དང་མཐུན་པའི་བརྡར་གཅོད་དང་གནད་ལ་སྨིན་པོས་ཐབས་ཇུས་བསྟར་པའི་ཁར། མི་སྣ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ཏེ། མེ་སྔ་ཙམ་གསོད་ཐུབ་པའི་བརྩོན་ལེན་བྱས་ནས་གྱོང་གུན་ཆུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱ་རྒྱུ་རེད་འདུག 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།