བོད་ལྗོངས་ཁྲལ་དོན་ཅུའུ་ཡིས་ཧུའུ་པེའི་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་རོགས་རམ་བྱས།

W020200416365803342041.jpg

ས་སྐྱ་རྫོང་ཁྲལ་དོན་ཅུའུ་ཡི་ལས་བྱེད་མི་སྣས་གཙོ་གནད་ཁེ་ལས་ལ་འབྲེལ་འདྲེས་བྱས་ནས་ཉོ་སྒྲུབ་ཀྱི་དགོས་མཁོ་ཤེས་རྟོགས་བྱས་པ་དང་གཞི་གྲངས་ཆེན་པོའི་ཧུའུ་པེའི་མཁོ་འདོན་ཚོང་པར་གནད་སྨིན་མཐུན་སྦྱོར་བྱེད་རོགས་བྱས་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཧུའུ་པེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་འགྱུར་ལྡོག་ཡག་པོ་བྱུང་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ཏུ་བདེ་འཇགས་དང་བརྟན་པོ། གོ་རིམ་ལྡན་པའི་ངང་ཧུའུ་པེ་དང་ཝུའུ་ཧན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། 

བོད་རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་ས་གནས་དེ་གའི་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་རོགས་རམ་བྱས་པ་དང་ཆབས་ཅིག་ཏུ་ཧུའུ་པེའི་ཉོ་སྒྲུབ་དགོས་མཁོའི་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་དང་། ཁྲལ་བསྡུའི་གཞི་གྲངས་ཆེན་པོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ས་གནས་དེ་གའི་ཁེ་ལས་དང་ཧུའུ་པེའི་ཁེ་ལས་བར་འབྲེལ་ཟམ་བཙུགས་ཏེ་ཧུའུ་པེའི་ཁེ་ལས་ལ་གནད་སྨིན་མཐུན་སྦྱོར་གྱི་མཁོ་འདོན་སྦྲེལ་མཐུད་བྱས་པ་དང་ཧུའུ་པེའི་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 

མིག་སྔར། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུའུ་ཡིས་ཁྲལ་བསྡུའི་གཞི་གྲངས་ཆེན་པོ་བརྒྱུད་ས་གནས་དེ་གའི་ཁེ་ལས64བདམས་ནས་ཧུའུ་པེའི་ལས་ཐོན་བསྐྱར་ཚུགས་ཁེ་ལས་ཀྱི་མིང་ཐོ་དང་འབྲེལ་མཐུད་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཟླ4པའི་ཚེས7ཉིན་ནས་ཟླ4པའི་ཚེས14ཉིན་བར་བོད་ལྗོངས་དང་ཧུའུ་པེ་བར་དངོས་སུ་ཚོང་འགྲིག་བྱུང་བའི་རྣམ་གྲངས18ཡོད་པ་དེར་དངུལ་འབོར་སྒོར་ཁྲི6522.05ཟིན་པའི་ནང་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས5དང་དངུལ་འབོར་སྒོར་ཁྲི1404.95ཟིན་པ་དང་བཟོ་སྐྲུན་ལས་རིགས་མིན་པའི་རྣམ་གྲངས13ཡོད་པར་དངུལ་འབོར་སྒོར་ཁྲི5117.1ཟིན་ཡོད་པ་རེད། 

རྗེས་མར། བོད་རང་སྐྱོང་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་འགན་ནུས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་གནད་སྨིན་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་ཏུ་ཁྲལ་བསྡུའི་གཞི་གྲངས་ཆེན་པོའི་ལེགས་ཆ་གང་ལེགས་སྤྱད་དེ་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱེད་པའི་དཀའ་གནད་སེལ་རོགས་བྱས་ཏེ་ས་གནས་གཉིས་པོའི་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་འབྲེལ་བ་བཙུགས་ནས་ཧུའུ་པེའི་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱེད་པར་རོགས་རམ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།