ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་ལ་ཤུགས་སྣོན་དང་ལས་ཞུགས་བརྟན་རླིང་དུ་བཏང་ནས་ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་ཏང་ཨུའི་བྱ་བའི་བརྙན་ཟློས་ཁ་པར་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པ་བཅས་ལ་དམིགས་ཏེ། ཞིང་སྡེའི་དར་རྒྱས་ལ་སྐུལ་འདེད་བཏང་།

  གྲོང་ཁྱེར་འདིས“རིམ་པ་ལྔའི་ཧྲུའུ་ཅི”ཡིས་ཡོང་སྒོ་འཕར་སྣོན་འཛིན་པའི་འགན་འཁྲི་ལམ་སྲོལ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཐོན་ལས་སྟོབས་ཆེན་དུ་གཏོང་བ་དང་གཉེར་སྐྱོང་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་བཏང་། ལས་ཞུགས་བརྟན་རླིང་དུ་བཏང་ནས་གླ་ཕོགས་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་བཏང་། སྲིད་ཇུས་དངོས་འབེབས་བྱས་ནས་སྤོ་སྒྱུར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་བཏང་། བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་བཏང་བ་དང་། དམིགས་འབེན་གཏན་ཁེལ་བྱས་ནས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། ཐོན་ལས་དར་རྒྱས་སུ་བཏང་ནས“འདེབས་གསོའི་རྟེན་གཞི་ཆེན་པོ་བཅུ”སྐྲུན་ལ། བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་ཞིང་སྡེ་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས། ཞིང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་དུས་རབས་གསར་བའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས། ཞིང་སྡེ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་སྐྲུན་པ་དང་། གཙང་འགྲམ་དང་། ལམ་རྒྱུད། མཐའ་མཚམས་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱས། ཞིང་ལས་རྨང་གཞི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱས་པ་བརྒྱུད། ཞིང་སྡེའི་གཞུང་ལམ་དྲ་བ་དང་། ཞིང་སྡེའི་ཆུ་བེད་སྒྲིག་ཆས། ཞིང་སྡེའི་གློག་དྲ་དང་ཞིང་སྡེའི་ཆ་འཕྲིན་དྲ་བ་བཅས་འཐུས་ཚང་དུ་བཏང་ནས། ཞིང་ཕྱུགས་ཚན་རྩལ་ཞབས་ཞུའི་མ་ལག་དང་། སློབ་གསོའི་མ་ལག སྨན་བཅོས་ཞབས་ཞུའི་མ་ལག སྤྱི་ཚོགས་འགན་སྲུང་མ་ལག རིག་གནས་ཞབས་ཞུའི་མ་ལག་བཅས་འཐུས་ཚང་དུ་བཏང་། ནུས་ཁུངས་གཙང་མ་དང་ཞིང་སྡེའི་གནས་སྐོར་འཕེལ་རྒྱས་ལ་ཤུགས་སྣོན་བྱས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱབ་ནས། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང“ཞིང་གསུམ”གྱི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་། དེར་བརྟེན། ཞིང་ལས་ཤེས་པ་དང་། ཞིང་སྡེ་ལ་དགའ་བ། ཞིང་བར་དགའ་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་སྐོར་ཞིག་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ། བྱ་བའི་སྤྱོད་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་དང་། མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།