མངའ་རིས་མེ་འགོག་མྱུར་སྐྱོབ་རུ་ཁག་གིས་སློབ་རའི་མེ་འགོག་བདེ་འཇགས་དྲིལ་བསྒྲགས་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མངའ་རིས་མེ་འགོག་མྱུར་སྐྱོབ་ཡན་ལག་རུ་ཁག་གིས་མངའ་རིས་ས་ཁུལ་གྱི་ཚོད་ལྟའི་སློབ་ཆུང་གི་དགེ་སློབ200ལྷག་ལསློབ་འགོ་ཚུགས་པའི་སློབ་ཁྲིད་དང་པོཞེས་པའི་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་སྤེལ་བ་རེད།  

བྱ་འགུལ་ཁྲོད། མེ་འགོག་མྱུར་སྐྱོབ་ཡན་ལག་རུ་ཁག་གིས་མེ་འགོག་མི་སྣས་སློབ་མའི་རྒྱུན་ལྡན་གྱི་གློག་དྲོད་ལག་ཁུག་དང་། གློག་དྲོད་རླངས། ལག་འཁྱེར་ཁ་པར། རོལ་རྩེད་འཕྲུལ་ཆས་སོགས་བེད་སྤྱོད་བྱེད་སྟངས་མི་འགྲིག་པ་དང་། སློབ་གྲྭར་བྱུང་བའི་མེ་སྐྱོན་ཚབས་ཆེན་དཔེ་མཚོན་དུ་བྱས་ནས་སློབ་གྲྭའི་མེ་སྐྱོན་གྱི་འབྱུང་རྐྱེན་དང་། སྔོན་འགོག བདེ་འཇགས་ངང་གློག་དང་མེ་སྤྱོད་ཚུལ། མེ་སྐྱོན་འཕྲད་སྐབས་རང་སྐྱོབ་བྱེད་ཐབས། མེ་གསོད་ཡོ་ཆས་སྤྱོད་པ་སོགས་ཀྱི་མེ་ཟོན་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བྱས་པ་རེད། མེ་འགོག་མྱུར་སྐྱོབ་ཡན་ལག་རུ་ཁག་གི་མེ་ཟོན་མི་སྣས་ད་དུང་མེ་སྐྱོན་བྱུང་ཡུལ་ལ་ལད་མོ་བྱས་ནས་མེ་གསོད་དང་། སྣུམ་གཞོང་གི་མེ་གསོད་ཐབས་ཤེས། གཤེར་རླངས་ཀྱི་མེ་གསོད་ཐབས་བཅས་བསྟན་པ་དང་། མེ་གསོད་མི་སྣའི་མཛུབ་ཁྲིད་འོག་སློབ་མ་སྐོར་ཞིག་གིས་ཚོགས་ཆུང་བགོས་ཏེ་མེ་གསོད་ཡོ་ཆས་བཀོལ་སྤྱོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།