འདི་ནི་ཉེ་ཆར་བསམ་འགྲུབ་རྩེ་ཆུས་ལྕགས་འདམ་ཤང་གོ་ཅ་གྲོང་ཚོ་གསར་བའི་རོང་འབྲོག་མང་ཚོགས52ས་གནས་དེའི་སྲིད་གཞུང་གིས་རིན་མེད་ངང་མཁོ་འདོན་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་བསྡད་དེ་གོ་རིམ་ལྡན་པའི་ངང་པ་སྣམ་རྫོང་སྔོ་ཚལ་ཐོན་ལས་གླིང་དུ་ཞོར་ལས་ལ་འགྲོ་བའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱེད་པའི་བྱ་བར་སྐུལ་འདེད་བཏང་བ་དང་ཆབས་ཅིག ངལ་རྩོལ་ནུས་ཤུགས་དབུལ་བོ་ཕྱི་རོལ་དུ་ཞོར་ལས་ལ་བསྐྱོད་པ་དང་། ལས་གནས་སུ་ཕྱིར་ལོག་བྱས་ནས་ཡོང་སྒོ་བརྟན་རླིང་ངང་འཕར་སྣོན་བྱུང་བ་མངོན་འགྱུར་བྱས། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ངལ་ནུས་དབུལ་བོ་ཕྱིར་གཏོང་བྱ་ཡུལ་དང་ནང་འདྲེན་བྱ་ཡུལ་གྱི་གནད་འཕིགས་སྦྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་ནས། དགོས་མཁོ་སྦྲེལ་མཐུད་ཡང་དག་དང་། ཕྱིར་གཏོང་ཐད་རྩ་འཛུགས་ཡོད་པ། མི་གྲངས་གནད་ལ་འཕིགས་པ། རྩིས་སྤྲོད་རྩིས་ལེན་ལ་གོ་རིམ་ཡོད་པ། བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པ་བཅས་མངོན་འགྱུར་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་དང་ལས་ཐོན་བསྐྱར་ཚུགས་བྱ་བར་སྐུལ་འདེད་བཏང་།