གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ལྷ་སའི་གད་སྙིགས་རིགས་དབྱེའི་ལས་ཀའི་ཉམས་མྱོང་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱི་རྟོག་ཞིབ་ཚོགས་ཆུང་དང་བཅས་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་བསྐྱོད་ནས་གད་སྙིགས་རིགས་དབྱེའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་རེད།

རྟོག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ཁྲེང་ཀོན་ཆུས་ཀྱི་རིགས་དབྱེ་འགྲེམས་སྟོན་ཚོམས་ཆེན་དང་། བར་སྐོར་ཚོང་གྲོང་། གཅིག་སྐྲུན་སྡེ་ཁུལ་གྱི་གད་སྙིགས་རིགས་དབྱེའི་སྐར་གསོག་དངོས་བརྗེའི་སྒོ་རྩིས་ཚོང་ཁང་བཅས་སུ་བསྐྱོད་ནས་གད་སྙིགས་རིགས་དབྱེའི་ལས་དོན་གཉེར་སྐྱོང་བྱེད་ཐབས་དང་སྡེ་ཁུལ་གྱི་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་མཛུབ་ཁྲིད་ལས་དོན་སྤེལ་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། གད་སྙིགས་རིགས་དབྱེའི་འབྲེལ་ཡོད་སྒྲིག་ཆས་དང་མཛོད་ཁང་ལ་ལྟ་སྐོར་ཡང་བྱས་པ་རེད།

ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་མིག་དམར་ཚེ་རིང་གིས་རྟོག་ཞིབ་ཚོགས་ཆུང་དང་བཅས་པར་ཁྲེང་ཀོན་ཆུས་ཀྱི་གད་སྙིགས་རིགས་དབྱེའི་ལས་དོན་གནས་ཚུལ་དང་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།