ལྷོ་ཁ་གྲོང་ཁྱེར་གྱི་ཁྲལ་བསྡུ་དོན་ཚན192དྲ་ཐོག་ནས་སྒྲུབ་པ་མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་ཁྲལ་བསྡུ་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་སྟེང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་ཁྲལ་བསྡུ་དོན་ཚན192དྲ་ཐོག་ནས་སྒྲུབ་པ་མངོན་འགྱུར་བྱས་ཤིང་། དེའི་ཁྲོད་རིགས6གི་བྱེད་སྒོའི་དོན་ཚན76གི་བརྒྱུད་རིམ་ཧྲིལ་བོ་དྲ་ཐོག་ནས་སྒྲུབ་པ་མངོན་འགྱུར་བྱས་ཏེ། ཐུག་འཕྲད་བྱེད་མི་དགོས་པའི་ཁྲལ་གཉེར་ཞབས་ཞུ་ནུས་ཤུགས་ལ་མཐོར་འདེགས་ཆེན་པོ་བྱུང་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུའུ་ཡིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་ལ་སྐུལ་འདེད་གཏོང་རྒྱུ་དེ་བྱ་བའི་གཙོ་གནད་དུ་བཟུང་སྟེ། སྔ་གཞུག་ཏུ་སྐོར་བཞིའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག20དང་སྐོར་གསུམ་གྱི་ཞིབ་ཕྲའི་ཞབས་ཞུའི་བྱེད་ཐབས་ཁག54བཏོན་ནས། ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་རོགས་སྐྱོར་བྱས་པ་དང་། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་། ཁྲལ་བསྡུའི་ཁོངས་གཏོགས་ཀྱི་གཞི་གྲངས་ཆེན་མོ་དང་ཟུང་འབྲེལ་བྱས་ཏེ། ཁེ་ལས་ལ་སྲིད་ཇུས་གསར་ཤོས་གནད་འཕིགས་ཁྱབ་གདལ་བཏང་ནས། “ཤེས་དགོས་པ་མྱུར་དུ་མཉམ་སྤྱོད”བྱེད་པར་འགན་སྲུང་བྱས་པ་རེད། གློག་རྡུལ་ཁྲལ་དོན་ཅུའུ་ཡི་འཁོར་སྐྱོད་སྲུང་སྐྱོང་ཚོགས་པ་བཙུགས་ནས“ཐུག་འཕྲད་བྱེད་མི་དགོས་པའི་”ཁྲལ་གཉེར་ཐབས་ལམ་རྒྱ་བསྐྱེད་དེ། ཁྲལ་འཇལ་མཁན་ཁྱིམ་ཚང་ནས་བསྡད་དེ་བརྒྱུད་རིམ་ཧྲིལ་བོར་དྲ་ཐོག་ནས་སྒྲུབ་པ་དང་ཆབས་ཅིག དྲ་ཐོག་ནས་བདག་སྤྲོད་དང་དྲ་ཕྱི་ནས་སྒྲུབ་པར་རྒྱབ་སྐྱོར་བྱས་ཡོད་དེ། དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་བྱེད་སྐབས་འགྲོ་ལུགས་དྲ་ཐོག་ནས་གཉེར་བ་ཡིན་ལ། ཁྲལ་འཇལ་མཁན་གྱི“དྲ་ལམ་དུ་མང་ཙམ་འཇུག་རྒྱུ་དང་གཞུང་ལམ་དུ་ཉུང་ཙམ་བསྐྱོད་རྒྱུར་ཁྲིད་སྟོན་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།