གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཀྱིས་ས་ཚིགས་དང་ས་ཚིགས་ཁ་གཏད་དེ་མང་ཚོགས་ཀྱི་ལས་ཞུགས་བྱ་བར་རྩ་འཛུགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ཉིན་འགའི་རིང་ལ། གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཡི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ལས་ཞུགས་སྤོ་སྒྱུར་གྱི་གོ་སྐབས་ལེགས་པོ་བེད་སྤྱད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་ཀྱི་བྱེད་ཐབས་སོ་སོ་གནད་འཕིགས་དངོས་འབེབས་བྱས་ལ། ལས་ཞུགས་ལས་གནས་རྒྱ་ཆེན་པོའི་སྒོ་ནས་འཚོལ་བསྡུ་བྱས་ཏེ། ས་ཚིགས་དང་ས་ཚིགས་ཁ་གཏད་པའི་རོང་འབྲོག་མང་ཚོགས་ཀྱི་གནད་འཕིགས་ལས་ཞུགས་སྤོ་སྒྱུར་རྩ་འཛུགས་བྱས་ནས། མགྱོགས་མྱུར་ངང་ལས་གནས་སུ་ཞུགས་ཏེ་ཞོར་ལས་བྱེད་པ་མངོན་འགྱུར་བྱས།

བསམ་འགྲུབ་རྩེ་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་དྲ་རྒྱའི་འཚོལ་བསྡུ་དང་ཁ་པར་འབྲེལ་གཏུག་སོགས་ཀྱི་རྣམ་པ་བརྒྱུད་དེ། ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་། བསམ་འགྲུབ་རྩེ་ཆུས་ཀྱི་རྣམ་གྲངས་སྡེ་ཚན། གཞིས་ཀ་རྩེ་གྲོང་ཁྱེར་ཐད་གཏོགས་རྣམ་གྲངས་གཙོ་གཉེར་སྡེ་ཚན། གཞིས་ཀ་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ལས་གཞིའི་རྣམ་གྲངས་པུའུ། གཞིས་ཀ་རྩེ་གྲོང་ཁུལ་གྱི་ཞབས་ཞུའི་ལས་རིགས་སོགས་ལས་རིགས་སྡེ་ཚན་དང་ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་འབྲེལ་གཏུགས་བྱས་ཏེ་ལས་ཞུགས་ལས་གནས7657རང་འགུལ་ངང་འཚོལ་བསྡུ་བྱས་པ་དང་། ལས་གནས་ཀྱི་ལས་ཞུགས་བྱ་ཡུལ་དང་། གླ་ཕོགས་ཀྱི་ཐོབ་ཆ། ལས་མི་སྤྱོད་པའི་དུས་ཚོད་སོགས་ཀྱི་ཆ་འཕྲིན་ཚོད་འཛིན་བྱས་ནས་ཁུལ་དེའི་མང་ཚོགས་ཀྱི་ལས་ཞུགས་སྤོ་སྒྱུར་ལ་གནད་སྨིན་གྲངས་གཞིའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་པས། མང་ཚོགས་ཐག་ཉེ་ས་ནས་ལས་ཞུགས་བྱེད་པར་སྟབས་བདེ་མང་པོ་སྐྲུན། མིག་སྔའི་བར་བསམ་འགྲུབ་རྩེ་ཆུས་ཀྱིས་བསྡོམས་པས་མང་ཚོགས1700ལྷག་རྩ་འཛུགས་བྱས་ནས་ས་ཚིགས་དང་ས་ཚིགས་ཁ་གཏད་པའི་ལས་ཞུགས་སྤོ་སྒྱུར་བྱས་པ་རེད། 

རྒྱུས་ལོན་པ་ལྟར་ན། རྗེས་མར་བསམ་འགྲུབ་རྩེ་ཆུས་ཀྱིས་རྩ་འཛུགས་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྐུལ་འདེད་གཏོང་རྒྱུ་དང་། མི་སྣ་སྔར་ལས་མང་བ་ལས་ཞུགས་སྤོ་སྒྱུར་ནང་ཞུགས་པར་སྐུལ་སློང་བྱས། དེ་མིན་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་བརྒྱུད། ཞིང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་རམ་འདེགས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།