བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན་སྐོར་དང་པོ་འགྲེམ་གཏོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ལྷ་སའི་རྫོང་དང་ཆུས་བདུན་དུ་བོད་ལྗོངས་ཀྱི“གངས་ལྗོངས་ཞིང་ཕནeདངུལ་བུན་དང་གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན”སྐོར་དང་པོ་སོགས་བསྡོམས་པས་དངུལ་བུན་ཐེངས་གྲངས102དང་སྒོར་ཁྲི1810འགྲེམ་གཏོང་བྱས་པ་རེད། “གྲོང་གསེབ་ཀྱི་ཡུལ་སྐོར་དངུལ་བུན”ནི་ཞིང་དུད་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་སྐྱོང་རྣམ་གྲངས་ལ་མ་དངུལ་གཏོང་རྒྱུ་རྨང་གཞིར་བྱས་ཏེ་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དང་། སྤྲོ་གསེང་གྲོང་གསེབ་མཛེས་ཤོས། ཞིང་ཕྱུགས་ལས་ཐོན་ལས་སྟོབས་ཆེའི་གྲོང་ཚོ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ་རེད། 

ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས“ས་གནས་གཅིག་ལ་ཁྱད་ཆོས་གཅིག་དང་། ལས་རིགས་གཅིག་ལ་ཐོན་རྫས་གཅིག”གི་བླང་བྱ་གཞིར་བཟུང་སྟེ། “གངས་ལྗོངས་ཞིང་ཕནeདངུལ་བུན”རྨང་གཞིར་བྱས་ནས“བོད་ཇའི་དངུལ་བུན”དང“འབྲི་གཡག་གི་དངུལ་བུན”“བོད་ཁྱིམ་སྤྲོ་སྐྱིད་ཁང”“རྒུན་འབྲུམ་གྱི་དངུལ་བུན”སོགས་ཁྱད་ལྡན་ཐོན་ལས་ཀྱི་དངུལ་བུན་མང་པོ་བཏོན་པ་མ་ཟད། ད་དུང་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་གཟིགས་སྐྱོང་སྐྱེད་ཚད་ལག་བསྟར་བྱེད་པ་སོགས་ཆེད་དམིགས་ཞབས་ཞུའི་བྱེད་ཐབས་ཁག16བཏོན་པ་དང་ད་ལོར་བསྡོམས་རྩིས་བྱས་ན་ཁེ་ལས་ཆུང་འབྲིང་ལ་དངུལ་བུན་སྒོར་དུང་ཕྱུར25.29བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།