ལྷ་གཞིས་གཞུང་ལམ་གྱི་ལམ་ཐིག་ཧྲིལ་བོ་ལས་འགོ་བསྐྱར་ཚུགས་བྱས།

1586394086227280 (1).jpg

འདི་ནི་ལྷ་གཞིས་གཞུང་ལམ་ལྷ་སའི་མཚམས་ཀྱི་ལག་གཞི་ལག་བསྟར་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་གཞིས་གཞུང་ལམ་ལྷ་སའི་ལམ་མཚམས་དེ་ཟླ3པའི་ཚེས20ཉིན་ནས་བཟུང་ལམ་ཐིག་ཧྲིལ་པོ་ལས་འགོ་བསྐྱར་ཚུགས་བྱས་པའི་རིང་ལ། རྣམ་གྲངས་དོ་དམ་ལྟེ་གནས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དངོས་འབེབས་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་གཞིའི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད། ལྷ་གཞིས་གཞུང་ལམ་ནི་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”གཞུང་ལམ་འགྲིམ་འགྲུལ་འཆར་འགོད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། ལམ་ཐིག་ཧྲིལ་བོར་སྤྱི་ལེ166.878ཡོད་པ་དང་། “ཟམ་པ་གཉིས་དང་ཕུག་ལམ་གཅིག”གི་ལྷ་ས་སྐྱིད་ཆུའི་ཟམ་ཆེན་ཤེལ་གྲོང་དང་ཕན་ཚུན་སྦྲེལ་མཐུད་བྱས་པ་ནས་བཟུང་ཆུ་ཤུར་རྫོང་དང་། སྙེ་མོ་རྫོང་། རིན་སྤུངས་རྫོང་བཅས་བརྒྱུད་གཞིས་ཀ་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ལྕགས་འདམ་ཤང་དང་འབྲེལ་མཐུད་བྱུང་ནས། རིམ་བཞིན་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་རིམ་གཞུང་ལམ་དང་སྦྲེལ་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།