ཁྲལ་བསྡུའི་གྲངས་གཞི་ཆེ་མོས་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོའི་དཀའ་གནད་བསལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར་བོད་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས“གྲངས་གཞི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་ནུས་ཤུགས་གང་ཡོད་འདོན་དགོས”ཞེས་པའི་དམིགས་ཚད་བླང་བྱར་དམིགས་ཏེ་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་སོགས་ཁྲལ་བསྡུའི་གྲངས་གཞི་ཆེ་མོར་བརྟེན་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་འཇལ་དུད་ཚང་ཁྲི་3.4ལ་སྤ་སེ་སྤྲད་པའི་གྲངས་གཞི་དུས་ཐོག་ཏུ་འཚོལ་བསྡུ་དང་ལས་སྣོན་དབྱེ་ཞིབ་བྱས་པས་ཉིན་རེར་ཆ་སྙོམས་གྲངས་གཞི་ཐག་གཅོད་བྱེད་ཚད་ཁྲི་10ལྷག་ཙམ་ཟིན་ཡོད་པ་རེད།

གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གློག་རྡུལ་གཞི་གྲངས་དང་ཕྱོགས་བསྡུས་བསྡུ་ལེན་དང་དོ་དམ་མ་ལག་གི་གྲངས་གཞི་སྤྱད་དེ་རང་སྐྱོང་ལྗོངས་སྲིད་གཞུང་གིས་གཙོ་གནད་ཐོག་སྐྱེད་སྲིང་བྱས་པའི་ཐོན་ལས་ཆེ་གྲས་7གྱི་འབྲེལ་ཡོད་ཐོན་ལས་འཁོར་སྦྲེལ་ལ་དམིགས་ནས་འཛིན་ཤོག་མཁོ་ཚོང་གི་ཆད་འབོར་ནས་གོང་འོག་ཉོ་སྒྲུབ་དང་བྲིན་ཚོང་ཁྲོད་ལྷག་པའི་གནད་དོན་ལ་དབྱེ་ཞིབ་དང་དེ་མཚུངས་ཀྱི་མཁོ་ཚོང་ཁེ་ལས་ཀྱི་ཆ་འཕྲིན་དང་འཚམ་པར་བྱས་ཏེ་ཐོན་ལས་འཁོར་སྦྲེལ་གྱི་དཀའ་ངལ་ཡོད་པའི་ཁེ་ལས་ལ་མཁོ་སྤྲོད་བརྟན་པོ་བྱས་ནས་ཐོན་སྐྱེད་འགན་ལེན་བྱེད་པར་འབྲེལ་ཟམ་བཙུགས་ཡོད། མིག་སྔར་གཞི་ཁྱོན་ཡན་གྱི་ཁེ་ལས་དང་ཕྲན་ཚེགས་ཁེ་ལས་སོགས་ལས་རིགས་ཀྱི་སྦྲེལ་ཐག་དབྱེ་ཞིབ་ལེགས་གྲུབ་ཟིན་ནས་ཁེ་ལས་137ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་རོགས་རམ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།