མངའ་རིས་ས་ཁུལ་གྱིས་ཁྱིམ་གཞིས་ལྗང་སྒྱུར་བྱེད་པའི་བྱ་འགུལ་སྤེལ།

微信图片_20200409091749.png

འདི་ནི་མངའ་རིས་ས་ཁུལ་རྡོ་དམར་ཤང་གི་མང་ཚོགས་ཀྱིས་སྡོང་འཛུགས་བྱེད་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་བོད་ལྗོངས་ཀྱིས་གཞི་ཁྱོན་ཆེ་བའི་སྒོ་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་ཆེན་པོ་བཏང་ནས། མཚོ་ངོས་ལས་མཐོ་ཚད་སྨི4300མན་ཀྱི“ལྗོན་ཤིང་མེད་པའི་གྲོང་ཚོ”དང“ལྗོན་ཤིང་མེད་པའི་ཁྱིམ་ཚང”ཕྱོགས་ཡོངས་ནས་མེད་པར་བཟོ་བར་ཁག་ཐེག་བྱས། མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད། ཆ་རྐྱེན་ཡོད་པའི་མང་ཚོགས་ལ་ཁང་བའི་རྒྱབ་མདུན་དུ་སྡོང་འཛུགས་རྩྭ་འདེབས་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། “གྲོང་ཁྱེར་དུ་སྔོ་ལྗང་མཐོང་རྒྱུ་ཡོད་པ་དང་། ཞིང་སྡེ་རུ་མཛེས་ལྗོངས་ཡོད་པ། གྲོང་ཚོ་རུ་ནགས་ཚལ་མཐོང་རྒྱུ་ཡོད་པ་དང་། ཁྱིམ་ཚང་དུ་ལྗོན་ཤིང་ཡོད་པ”བཅས་ཀྱི་ལྗང་སྒྱུར་དམིགས་འབེན་གཏན་འཁེལ་བྱས་ནས་སྐྱེ་ཁམས་གྲོང་ཚོ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་བྱེད་པའི་བྱ་འགུལ་སྤེལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།