ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས“ལས་ཞུགས་བརྟན་པོ་དང་། ལས་གཏོད་ལ་སྐུལ་འདེད། རྩལ་ནུས་ལ་མཐོང་ཆེན། རྨང་གཞི་ཇེ་བརྟན་དུ་གཏོང་བ”བཅས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ནས་ལས་ཞུགས་ལས་སྐྲུན་གྱི་གཟིགས་སྐྱོང་སྲིད་ཇུས་སོ་སོ་དངོས་འབེབས་ནན་ཏན་བྱས་པས། ཁོངས་གཏོགས་ཁུལ་གྱི་ལས་ཞུགས་གནས་ཚུལ་བརྟན་རླིང་ངང་འཕེལ་རྒྱས་བྱུང་ཡོད། 

ཁྲེང་ཀོན་ཆུས་ཀྱིས“དྲ་ཐོག་དང་ཡུལ་དངོས”ཟུང་འབྲེལ་བྱེད་པའི་ཕྱོགས་གཉིས་སྦྲེལ་མཐུད་ཀྱི་གདན་ཞུའི་ཐབས་ལམ་གསར་གཏོད་བྱས་ནས་ལས་ཞུགས་དགོས་མཁོ་དྲ་ཐོག་ནས་ཡར་ཞུ་དང་། ལས་ཞུགས་ལས་གནས་དྲ་ཐོག་ནས་འཚོལ་བ། ལས་ཞུགས་ཞབས་ཞུ་དྲ་ཐོག་ནས་སྒྲུབ་པ་བཅས་ཀྱི་དྲ་ཐོག་ཞབས་ཞུ་མངོན་འགྱུར་བྱས། ཁེ་ལས24རྩ་འཛུགས་བྱས་ནས་གདན་ཞུ་ཁྲོད་ཞུགས་པ་དང་། ཡུལ་དངོས་སུ་ལས་གནས305འདོན་སྤྲོད་བྱས་ལ། མིག་སྔར་གདན་ཞུའི་ཁ་རྒྱུགས་ལེན་པའི་འབྲེལ་ཡོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན། 

ཁྲེང་ཀོན་ཆུས་ཀྱིས་ཆ་སྒྲིག་རོགས་སྐྱོར་དང་ཁྱིམ་ཚང་དུ་འཚམས་འདྲིར་བསྐྱོད་པའི་ལས་དོན་སྤེལ་བ་བརྒྱུད་དེ། མཐོ་སློབ་མཐར་ཕྱིན་སློབ་མའི་གཞི་རྩའི་ཆ་འཕྲིན་དང་། ལས་ཞུགས་འདོད་མོས་རྒྱུས་ལོན་བྱས་པ་དང་། དྲིལ་བསྒྲགས་ལག་དེབ་འགྲེམ་གཏོང་བྱས་པ་རེད། དེ་མིན་ལྗོངས་ཡོངས་ཀྱི་གོང་འོག་སྲིད་གཞུང་གི་རིམ་སྟར་སྡེ་ཚན་སོ་སོ་དང་ཟུང་འབྲེལ་བྱེད་པའི་སྒོ་ནས་ད་ལྟའི་དུས་མཚམས་ཀྱི་ལས་ཞུགས་ཆ་འཕྲིན་དུས་ཐོག་ཏུ་ལྡོག་འདྲེན་བྱས་པ་དང་། ལས་ཞུགས་རོགས་སྐྱོར་གྱི་དམིགས་ཚད་གཏན་འཁེལ་བྱས་ནས་སྡེ་ཚན་ཆ་སྒྲིག་རོགས་སྐྱོར་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།