ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིའི“ཆུས་གསུམ་ཁུལ་གསུམ”གྱི་དྲ་གཙོ་རྣམ་གྲངས་པུའུ་འཛུགས་སྐྲུན་ཁྲོད་ཞུགས་པའི་མི་སྣའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འཛུགས་སྐྲུན་ཁྲོད་ཞུགས་པའི་སྡེ་ཚན་སོ་སོ་རྩ་འཛུགས་བྱས་ནས་སྐོར་ཐེངས་དབྱེ་བ་དང་། བརྟན་པོ། བདེ་འཇགས། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཛུགས་སྐྲུན་སླར་གསོ་བྱས་པ་རེད། འཛུགས་སྐྲུན་ཁྲོད་ཞུགས་པའི་མི་སྣ་རྣམས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་སོ་སོ་རང་རྟོགས་ངང་དང་ལེན་བྱས་ནས་སྔ་མོ་ནས་ལོགས་སུ་བཀར་བ་དང་སྔོ་མོ་ནས་དམིགས་སར་འབྱོར་ཡོད།
རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིའི“ཆུས་གསུམ་ཁུལ་གསུམ”གྱི་གློག་དྲ་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས་སྐོར་དང་པོ་ད་ལོའི་ཟླ5བའི་ཚེས30ཉིན་ལས་འགོ་ཚུགས་པའི་ཆ་རྐྱེན་འཛོམས་རྒྱུ་དང་ལས་འགོ་ཚུགས་པའི་རྣམ་གྲངས་སྐོར་གཉིས་བ་ཟླ6པའི་ཚེས30ཉིན་ལས་འགོ་ཚུགས་པའི་ཆ་རྐྱེན་འཛོམས་རྒྱུ་རེད།
རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིའི“ཆུས་གསུམ་ཁུལ་གསུམ”གྱི་གློག་དྲ་འཛུགས་སྐྲུན་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཐོན་སྐྱེད་བྱེད་འགོ་བརྩམས་རྗེས། སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་མངའ་རིས་གློག་དྲའི་སྒྲིག་གཞི་འཐུས་ཚང་དུ་གཏོང་ཐུབ་པ་མ་ཟད། ཤང་གྲོང་གི་གློག་སྤྱོད་ཁྱབ་ཚད་དང་གློག་སྤྱོད་ཁྱིམ་ཚང་གི་བརྟན་རླིང་རང་བཞིན་བང་། བདེ་འཇགས་རང་བཞིན་མཐོར་འདེགས་བཏང་ནས། མངའ་རིས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་རྒྱལ་ཁ་ལེན་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་ཡག་པོ་གཏོང་བར་རོགས་སྐྱོར་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་ཟིའི་གློག་དྲ་འཛུགས་སྐྲུན་ལས་གཞི་ལས་འགོ་བསྐྱར་ཚུགས་བྱས།