གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཆེད་ཞབས་འདེགས་ཡག་པོ་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བཟོ་ཚོང་དངུལ་ཁང་ལྷ་ས་གྲོང་ཤར་ཉིང་ལག་དངུལ་ཁང2019ལོར་དངོས་སུ་ལས་གཉེར་བྱས་ཚུན། བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་མཛུབ་ཁྲིད་ཞིབ་ཚགས་འོག “རྩ་སྲ་རྨང་བརྟན་དང་། ཡུལ་བབ་ལ་བསྟུན་པ། གསར་གཏོད་ཡར་བརྩོན”བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞིར་དམ་པོར་དམིགས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་ལེགས་སུ་བཏང་ནས། དམངས་ལ་ཞབས་འདེགས་ཞུ་བ་དང་དཀའ་གནད་སེལ་རོགས་བྱས་པ་རེད།

བཟོ་ཚོང་དངུལ་ཁང་ལྷ་ས་གྲོང་ཤར་ཉིང་ལག་དངུལ་ཁང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཤིང་། སློབ་སྦྱོང་ལ་ཤུགས་སྣོན། སྙིང་གཏམ་ལྷུག་པོར་ཤོད་པ། ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཀྲི་པུའི་དཔུང་ཁག་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། ཀྲི་པུའི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།

བཟོ་ཚོང་དངུལ་ཁང་བོད་ལྗོངས་ཉིང་ལག་དངུལ་ཁང་གིས་ཁག་གཉིས་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལག་ལེན་ཇུས་གཞིའི་ཞིབ་ཕྲའི་བླང་བྱ་དང་ཡན་ལག་དངུལ་ཁང་གི་བཀོད་སྒྲིག་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་གྱིས་བཟོ་ཚོང་དངུལ་ཁང་ལྷ་ས་གྲོང་ཤར་ཉིང་ལག་དངུལ་ཁང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་ལེན་ཇུས་གཞི་བཟོས་པ་དང་། འབྲེལ་ཡོད་བླང་བྱར་གཞིགས་པ། སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ཞིབ་བཤེར། དག་ཐེར་དོན་འཁྱོལ་སོགས་རིམ་གྱིས་ལེགས་སྒྲུབ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བས། ཕན་འབྲས་ལེགས་པོ་ཐོན་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པ་རེད།

བཟོ་ཚོང་དངུལ་ཁང་ལྷ་ས་གྲོང་ཤར་ཉིང་ལག་དངུལ་ཁང་གིས་སྤྱི་ཚོགས་འགན་ལེན་གཱ་ཡི་ཞབས་ཞུའི་ལས་དོན་ཁྲོད་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་ཡོན་གྱི་གདོང་ལེན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་ཅན་གྱི་ཁོངས་མི་ལས་གྲུབ་པའི་སྤྱི་ཚོགས་འགན་ལེན་གཱ་ཡི་ཚོགས་ཆུང་བཙུགས་པ། “དམངས་ཆེད་ཞབས་འདེགས་ཞུ་བ་དང་དཀའ་གནད་སེལ་བའི”དམིགས་ཚད་ལ་གཞིགས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་བཙུགས་པ། ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ། “དཀའ་ངལ་ལ་མི་སྐྲག་པ”དང“གཟེར་འདེབས”ཀྱི་སྙིང་སྟོབས་དར་སྤེལ་བཏང་བ། ཁུར་ལེན་ཕོད་པ་དང་རང་འགུལ་ངང་ལས་དོན་སྒྲུབ་པ། རང་འགུལ་ངང་ལས་ཀ་བྱེད་པའི་དུས་ཚོད་ལེགས་སྒྲིག་དང་ནར་འགྱངས་བྱེད་པ། འགྲོ་སྐྱོད་སྟབས་བདེ་པོ་མེད་པའི་རྒན་རྒོན་དང་ན་ནས་སྨན་ཁང་དུ་ལུས་པ་སོགས་ཀྱི་མི་སྣ་དྲ་ཚུགས་སུ་གཱ་ལེན་པར་ཡོང་མ་ཐུབ་པ་སོགས་ཀྱི་དམིགས་བསལ་གནས་ཚུལ་འཕྲད་ཚེ་བཟོ་ཚོང་དངུལ་ཁང་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་གང་ལེགས་བྱས་ནས་སྒོ་རྩར་ཞབས་འདེགས་ཞུ་བར་བསྐྱོད་པས་འཛད་སྤྱོད་པའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།