བྱེད་ཐབས་ཁག་བཞི་ལག་ལེན་བསྟར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ནས་བཟུང་། མངའ་རིས་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མི་རིགས་མཐུན་སྒྲིལ་གྱི་གདོང་ལེན་རུ་ཁག་གི་ནུས་པ་གང་ལེགས་བཏོན་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དྲིལ་བསྒྲགས་སློབ་གསོ་དང་། རིག་རྩལ་བྱེད་སྒོ མང་ཚོགས་ལ་ཞབས་འདེགས། མཐའ་མཚམས་འཛུགས་སྐྲུན་བཅས་ཀྱི་བྱེད་ཐབས་ཁག་བཞིར་བརྟེན་ནས་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

དྲིལ་བསྒྲགས་སློབ་གསོའི་བྱེད་ཐབས་ལག་ལེན་བསྟར་བ།

མངའ་རིས་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དྲིལ་བསྒྲགས་སློབ་གསོ་མཐའ་འཁྱོངས་བྱེད་པ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བའི་བྱ་ཐབས་ནུས་ལྡན་ལ་བརྩིས་ནས་དྲིལ་བསྒྲཌ་ཡིག་སྒྲོམ་དང་། དྲིལ་བསྒྲཌ་ལག་དེབ། འཕྲེད་འགེལ་སྦྱར་ཡིག དྲིལ་བསྒྲཌ་སྦྱར་ཡིག་སོགས་ཀྱི་བྱ་ཐབས་བརྒྱུད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་། “ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཁྲིར་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་བཅས་གཏིང་ཟབ་སྤེལ་བ་རེད།

2019ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་2806བྱས་པ་དང་། ཆེད་དོན་འཆད་ཁྲིད་ཐེངས་983བྱས་པ། ཆེད་དོན་དྲིལ་བསྒྲཌ་ལེ་ཚན་ཐེངས་463བཏོད་པ། དམངས་བདེ་དམངས་ཕན་གྱི་སྲིད་ཇུས་ཐེངས་3493དྲིལ་བསྒྲགས་བྱས་པར་མང་ཚོགས་མི་ཐེངས་ཁྲི་13.56ལ་སློབ་གསོ་ཐེབས་པ་རེད།

རིག་རྩལ་བྱེད་སྒོའི་བྱེད་ཐབས་ལག་ལེན་བསྟར་བ།

མངའ་རིས་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཐོག་མཐའ་བར་གསུམ་དུ་རིག་རྩལ་བྱེད་སྒོ་མང་ཚོགས་ཁྲོད་དུ་སྤེལ་བ་དང་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་གཞི་རྟེན་གལ་ཆེན་ལ་བརྩིས་ནས། “རིག་རྩལ”བྱེད་སྒོ་གཙོ་བོར་སྤེལ་ཏེ་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོཌ་སུ་བཏང་བ་དང་། བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱས་ནས་ཞིང་འབྲོག་ཁུལ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཀྱི་རྟེན་གཞི་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་བར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

གྲོང་ཚོའི(གྲོང་ལྷན)རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་པར་མཐུན་སྦྱོར་ཧུར་ཐག་བྱས་ནས“ངའི་གྲོང་སྡོད་གཏམ་རྒྱུད”ཀྱི་གཏམ་བཤད་འགྲན་བསྡུར་དང་། པར་རིས་འགྲེམས་སྟོན། རྩོམ་ཡིག་བསྡུ་བ། ཡིག་གཟུགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ཏེ། གཞི་རིམ་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཚོར་རིག་རྩལ་སྟོན་མོའི་ཞོར་ལ་བོད་ཀྱི་འཕེལ་རྒྱས་གསར་པ་དང་རྣམ་པ་གསར་པ་མངོན་པར་བྱས་ནས་བོད་གསར་པའི་བདེ་སྐྱིད་དང་བོད་རྙིང་པའི་དཀའ་སྡུག་མང་ཚོགས་ཚོས་དེ་བས་གསལ་པོ་ཤེས་པར་ཁྲིད་སྟོན་བྱས་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་སྔར་བས་ཡོང་བར་བྱས་པ་རེད།

མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་ལག་ལེན་བསྟར་བ།

“དུས་ཆེན་གསུམ”དང“བདུན་གཅིག”སོགས་ངལ་གསོའི་དུས་ཚོད་གལ་ཆེན་རིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“མི་སྣ་རྒན་གྲས་གསུམ”དང་མང་ཚོགས་དབུལ་པོར་དུས་ཐོག་ཏུ་འཚམས་འདྲིར་བསྐྱོད་ནས་བྱ་བ་དངོས་དང་བྱ་བཟང་བསྒྲུབས་ནས་དཀའ་གནད་སེལ་རོགས་བྱས་པ་རེད། མང་ཚོགས་ཀྱི་དབུལ་སྒྲོལ་གནད་དོན་ལ་དམིགས་ནས་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོཌ་ཀྱི་འབབ་འཕར་དང་ཕྱུག་འགྱུར་ལ་ཉེ་བཅར་ཞབས་འདེཌ་ཞུས་པས་མང་ཚོགས་ཀྱི་ཐོབ་ཚོར་དང་། བློ་ཡིད་ཚིམ་ཚད། བདེ་སྐྱིད་སྟོན་གྲངས་བཅས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་རེད།

བསྡོམས་རྩིས་ལ་གཞིགས་ན། 2019ལོ་ནས་བཟུང་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོཌ་མི་ཐེངས་3462ལ་འཚམས་འདྲི་བྱས་པ་དང་། དཀའ་ངལ་ཁག་328ཐག་གཅོད་བྱེད་རོགས་དང་། བྱ་བཟང་1932སྒྲུབ་རོགས་བྱས་པར་མ་དངུལ་སྒོར་ཁྲི་304.86བཏང་བ་རེད།

མཐའ་མཚམས་འཛུགས་སྐྲུན་གྱི་བྱེད་ཐབས་ལག་ལེན་བསྟར་བ།

མངའ་རིས་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་འཛུགས་སྐྱོང་ལ་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས“ཏང་འཛུགས་སྐྱོང+གྲོང་སྡོད+མི་རིགས་མཐུན་སྒྲིལ”གྱི་རྣམ་པ་གཏོད་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་། རྨང་བརྟན་དམངས་ཕན་བྱེད་སྒོ དེ་བཞིན“མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས”ཀྱི་འདུ་འགོད་འཛུགས་སྐྲུན་དང་ཟུང་འབྲེལ་ནུས་ལྡན་བྱས་ནས། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་ལ་མཐའ་དར་དམངས་ཕྱུག་དང་། དམག་བཀུར་དམངས་གཅེས། མཐའ་མཚམས་འཛུགས་སྐྱོང་། དུས་བདེ་འཛུགས་སྐྱོང་བཅས་ཀྱི་ལས་དོན་སྤེལ་བར་གཞོགས་འདེགས་བྱས་པ་དང་། “མི་སྣ་རྒན་གྲས་གསུམ”གཏམ་རྒྱུད་དང་ལོ་རྒྱུས་ཤོད་པར་གདན་དྲངས་ཏེ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མི་ཚང་མའི་སེམས་སུ་འཇགས་པར་བྱས་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།