ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ཕན་འབྲས་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཕྱོཌ་ཡོངས་ནས་སྤེལ་ཆེད། མི་རིགས་མཐུན་སྒྲིལ་དཔེ་སྟོན་ཚན་པ་གཏོད་པའི་ལས་དོན་གཙོ་གནད་ལས་འགན་ལ་བཞག་སྟེ་དམ་འཛིན་དང་སྦྲགས། མི་ཧྲག་སྐོང་འཐེན་བྱས་ནས་གཞུང་ལས་ཁང་བཙུགས་ཤིང་། རྒྱུན་གཏན་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས་པས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པ་འཛུགས་པ་ནི་འབྲོམ་ཐོད་ཤང་གི་མི་རིགས་མཐུན་སྒྲིལ་ཞི་མཐུན་ལ་ཚོད་བགམ་བྱས་པ་ཞིག་ཡིན་པས། འབྲོམ་ཐོད་ཤང་གིས་ཕྱོགས་ཁག་དང་། ལྷུ་ཚིགས་ཁག རིམ་པ་ཁག་བཅས་ནས་དཀའ་སྤྱད་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། འབྲོམ་ཐོད་ཤང་གིས་ཚད་གཞི་དང་བླང་བྱར་ནན་པོ་གཞིཌ་ཏེ། རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་དང་། དབྱེ་ཞིབ་ནན་ཏན་དང་ཧེ་བག་འཚོལ་བ་བཅས་བྱས་པ་དང་། ཤང་དེ་གའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་ལས་ཀའི་ལས་འགན་ཞིབ་ཕྲ་གཏན་འཁེལ་བྱས་པ་དང་། བྱ་ཐབས་ནུས་ལྡན་བཏོན་ཏེ་དུས་བཀག་ལྟར་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བར་འགན་ལེན་བྱས་པ་རེད། ལས་དོན་སྤེལ་རིང་། ཚད་གཞི་མཐའ་འཁྱོངས་བྱས་པ་དང་ལྷག་པར་དུ་འཕྲལ་སེལ་སླ་བཅོས་དང་ཁུངས་འཁྱོལ་ཙམ་བྱེད་པའི་རྣམ་པ་མ་ཐོན་པ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡག་ཐོག་ཡག་བརྩེགས་ཡོང་བར་བྱས་པ་རེད།

དཔེ་སྟོན་ཚན་པ་གཏོད་པའི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བར་འགན་ལེན་བྱེད་པ་དང་དུས་མཚུངས། བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱ་ཆེད། འབྲོམ་ཐོད་ཤང་གིས་མང་ཚོགས་ལ་བྱ་བཟང་དངོས་ཁག་གཅིག་བསྒྲུབས་པ་དང་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ས་དང་དཀའ་ངལ་ཁག་གཅིག་ཐག་གཅོད་བྱས་པས་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།