བོད་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཧུར་ཐག་བྱས།

༡.jpg

འདི་ནི་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི“མཐའ་མཚམས་འབྱོར་འབྲིང་གྲོང་ཚོ”སྟེ་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གཤོང་མཇུག་གྲོང་གསར་ལས་མཇུག་འགྲིལ་བའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོ་ནས་བཟུང་། བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་མཐའ་མཚམས་སྲིད་འཛིན་གྲོང་ཚོར་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། གཙོ་བོ“ཆུ་དང་། གློག  ལམ། སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན”སོགས་ཕྱོགས་བཅུ་ལ་དམིགས་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་རེད། ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི“མཐའ་མཚམས་འབྱོར་འབྲིང་གྲོང་ཚོ”སྟེ་གཤོང་མཇུག་གྲོང་གསར་ལས་མཇུག་འགྲིལ་བ་དང་ཆབས་ཅིག་ཏུ་དུད་ཚང27གྱི་གྲོང་མི་དག་རི་འདབས་ཀྱི་སྡོད་ཁང་གསར་པའི་ནང་གནས་སྤོ་བྱ་རྒྱུ་ཡིན་པ་རེད། 

༢.jpg

འདི་ནི་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གཤོང་མཇུག་གྲོང་ཚོའི་སྲོལ་རྒྱུན་གྱི་ཤིང་ཁང་རེད། 

༣.jpg

འདི་ནི་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི“མཐའ་མཚམས་འབྱོར་འབྲིང་གྲོང་ཚོ”སྟེ་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གཤོང་མཇུག་གྲོང་གསར་གྱི་སྡོད་ཁང་རེད། 

༤.jpg

འདི་ནི་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གཤོང་མཇུག་གྲོང་ཚོའི་བགྲེས་མོ་རེད།

༦.jpg    
  འདི་ནི་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གཤོང་མཇུག་གྲོང་ཚོའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་རེད། 

༥.jpg

འདི་ནི་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི“མཐའ་མཚམས་འབྱོར་འབྲིང་གྲོང་ཚོ”སྟེ་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གཤོང་མཇུག་གྲོང་གསར་ལས་མཇུག་འགྲིལ་བའི་རྣམ་པ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།