ཆབ་མདོ་གྲོང་ཁྱེར་གྱི2019ལོའི་ཚོང་དོན་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུའུ་ཡིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་ཏེ་བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་།  ནང་ཁུལ་ཚོང་དོན་གྱི་འཁོར་རྒྱུག་སྒྲིག་སྲོལ་བཅོས་བསྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་པས་ཚོང་དོན་གྱི་བྱ་བ་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ་རེད། 

2019ལོར། ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར61.9མངོན་འགྱུར་བྱས་པ་དང་། དུས་མཉམ་ལས10.4འཕར་ཏེ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན། བསྡོམས་པས་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས199དངོས་འབེབས་བྱས་ཤིང་། གྲོས་མཐུན་མ་དངུལ་སྒོར417ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར49.8དམིགས་སར་འབྱོར་ཡོད། ལོ་འཁོར་དམིགས་འབེན་ལས་འགན་གྱི124.6%ལེགས་འགྲུབ་བྱས། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར43.6ལེགས་འགྲུབ་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་ཨ་སྒོར་ཁྲི294ལ་སླེབས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་གྱི108.5%ཟིན།

2020ལོར་ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་སྤྱི་འབོར15%འཕར་རྒྱུ་དང་། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་སྤྱི་འབོར10%འཕར་རྒྱུ། ཚོང་འགུག་དངུལ་འདྲེན་སྒོར་དུང་ཕྱུར50ལེགས་འགྲུབ་བྱེད་པ་བཅས་ཀྱི་འཆར་གཞི་བཟོས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།