བོད་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་ཚུགས་ཀྱི་ལས་ལ་བྲེལ།

微信图片_20200407112245.png

འདི་ནི་ཉེ་ལམ་ལས་འགོ་བསྐྱར་ཚུགས་བྱས་པའི་བོད་ལྗོངས་སྨན་ཁང་གི་འཛུགས་སྐྲུན་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་ནི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་འཛུགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་ཡིན་ཞིང་། རྒྱལ་ཁབ་ནོར་སྲིད་ཀྱིས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར10བཏང་ནས། ཉལ་ཁྲི1499འཆར་འགོད་བྱས་ཡོད་པ་དང་། བསྡོམས་པས་རྒྱ་ཁྱོན་མུའུ400ཟིན་ནས། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི27ཙམ་ཟིན་ཡོད་ལ། འཆར་གཞི་ལྟར་ན2021ལོའི་ལོ་མཇུག་བར་འཛུགས་སྐྲུན་ལེགས་འགྲུབ་འབྱུང་ནས་ཚོད་ལྟའི་འཁོར་སྐྱོད་བྱ་རྒྱུ་རེད། དེ་ནི་སྨན་བཅོས་དང་། སློབ་ཁྲིད། ཚན་རིག་ཞིབ་འཇུག འགན་སྲུང་། མྱུར་སྐྱོབ་བཅས་གཞི་གཅིག་ཏུ་འདུས་པའི་སྒྲིག་ཆས་དང་། དོ་དམ། ལག་རྩལ། ཞབས་ཞུ་བཅས་ཡང་དག་ཡིན་པའི་རིམ་པ་གསུམ་པའི་ཀ་བའི་རྒྱལ་ཁབ(མཐོ་སྒང)ས་ཁོངས་སྨན་བཅོས་ལྟེ་གནས་སྐྲུན་རྒྱུ་རེད། སྨན་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྔར་ལས་བསྐངས་ནས་བོད་ལྗོངས་ཀྱི་ས་ཁོངས་ཧྲིལ་བོར་སྤུས་ཚད་མཐོ་བའི་སྨན་བཅོས་བདེ་སྲུང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།