བོད་ལྗོངས་ཀྱི་ཐུམ་འབུའི་ནད་ཕོག་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་ཆག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་མི་ཚོགས་ལ་ཐུམ་འབུའི་ནད་ཕོག་ཚད་དེ2016ལོའི1.66%ནས་མིག་སྔར་གྱི0.26%བར་ཆག་ཡོད་པས།  རྒྱལ་ཡོངས་ཀྱི་མི་ཚོགས་ལ་ཆ་སྙོམས་ནད་གཞི་ཕོག་ཚད0.24%ཡིན་པའི་གྲངས་གཞི་དང་ཕལ་ཆེར་མཐུན་པ་རེད།   

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། བོད་སྐྱོར་ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར17གྱི་རྒྱབ་སྐྱོར་འོག  2017ལོར་བོད་ལྗོངས་ཀྱིས་བསྡོམས་པས་མི་ཁྲི290.4ལ་བརྟག་དཔྱད་བྱས་ནས་ནད་པ26846གཏན་འཁེལ་བྱས་ཤིང་། མི་ཚོགས་ལ་བརྟག་དཔྱད་བྱེད་ཚད99.21%སླེབས་ནས། རྫོང་དང་ཤང་།  གྲོང་ཚོ་བཅས་གཅིག་ཀྱང་མི་ལུས་པར་བརྟག་དཔྱད་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་ཏེ།  ལྗོངས་ཡོངས་ཀྱི་མི་ཚོགས་ལ་ཐུམ་འབུའི་ནད་ཕོག་ཚད་ཕྱོགས་ཡོངས་ནས་ཚོད་འཛིན་ཡང་དག་བྱས་ཡོད་པ་རེད།   

ཐུམ་འབུའི་ནད་གཞིར་སྨན་བཅོས་ནུས་ལྡན་བྱ་ཆེད།  བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་གཞི་ལྕི་བའི་འགན་བཅོལ་ལམ་ལུགས།  སྲིད་གཞུང་ནོར་སྲིད་བཅས་ཕྱོགས་གསུམ་ཀྱི་མ་དངུལ་གཅིག་གྱུར་བཀོད་སྒྲིག་བྱས་ནས་ལྗོངས་ནང་ཁུལ་དུ་དམིགས་བཙུགས་སྨན་ཁང་བཙུགས་ཏེ།  ཐུམ་འབུའི་ནད་གཞིར་ཉལ་ཁྲི་བཀོད་སྒྲིག་བྱས་ཏེ་གཤག་བཅོས་ཀྱི་ཆ་རྐྱེན་འཛོམས་པའི་ནད་པར་བོད་ལྗོངས་ནས་ཕྱིར་འགྲོ་མི་དགོས་པ་དང་སྔོན་མངགས་བྱེད་མི་དགོས་པ།  སྒུག་མི་དགོས་པ།  སྨན་རིན་འདོན་མི་དགོས་པ་བཅས་ལ་འགན་སྲུང་བྱས་ཡོད། 2019ལོའི་ལོ་མཇུག་བར་བོད་ལྗོངས་ཀྱིས་ཐུམ་འབུའི་ནད་ཕོག་མཁན5057ལ་གཤག་བཅོས་བྱས་ཡོད་པ་དང་། སྨན་བཅོས་བྱེད་ཚད77.62ལ་སླེབས་ནས།  སྨན་བཅོས་ཚད་གཞི་དང་མུན་པའི་ནད་པར་གཅིག་གྱུར་ངང་སྨན་ཉོས་ནས་སྨན་བཅོས་བྱེད་ཚད96.82%ལ་སླེབས་ཡོད།  མིག་སྔར་ལྗོངས་ཡོངས་ཀྱི་མི་ཚོགས་ལ་ནད་ཕོག་ཚད1%མན་གྱི་རྫོང72ཡོད་པ་དང་དེས་རྫོང་ཡོངས་ཀྱི97.30ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།