བོད་ལྗོངས་ཀྱིས་ཁེ་ལས15ལ་ལས་གནས་བརྟན་གཏོང་གི་ཕྱིར་སློག་མ་དངུལ་སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའ་འཕྲིན། ཉེ་ཆར་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་ལས་ཤོར་འགན་བཅོལ་དང་། ལས་གནས་བརྟན་གཏོང་གི་ཕྱིར་སློག་མ་དངུལ་སྤྲོད་པའི་ལས་དོན་མགྱོགས་མྱུར་བསྒྲུབས་ཏེ་ལས་གནས་མཁོ་འདོན་མང་ཙམ་བྱེད་མཁན་བོད་ལྗོངས་ཐན་ཧའེ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་15ལ་ལས་གནས་བརྟན་གཏོང་གི་ཕྱིར་སློག་མ་དངུལ་སྒོར་ཁྲི་265.9སྤྲད་པ་རེད།

སྲིད་ཇུས་ཀྱི་ཕན་ཁེ་རྒྱུན་མཐུད་སྤྲོད་ཆེད། རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་ཆ་འཕྲིན་ཅན་གྱི་ཐབས་ལམ་འཐུས་སྒོ་ཚང་དུ་བཏང་སྟེ། རང་སྐྱོང་ལྗོངས་རིམ་པ་འདི་ག་དང་ལྷ་ས་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་མཁན་ཁེ་ལས་ཀྱིས་ལས་གནས་བརྟན་གཏོང་གི་ཕྱིར་སློག་མ་དངུལ་སྤྲོད་པའི་ལས་དོན་དྲ་ཐོག་ནས་གཉེར་རྒྱུ་མངོན་འགྱུར་བྱུང་བ་དང་། དེ་བྱིངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཚང་མར་ཟླ་5པའི་ཟླ་མཇུག་གོང་ཚང་མ་དྲ་ཐོག་ནས་གཉེར་ཐུབ་རྒྱུ་ཡིན་པ་རེད། ཕྱིར་སློག་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། “ཁེ་ལས་ཀྱིས་ཁ་གསབ་འཚོལ་བ”ནས“ཁ་གསབ་ཀྱིས་ཁེ་ལས་འཚོལ་བའི”བར་འགྱུར་བ་བྱས་ཏེ། ཁ་གསབ་ཕྱིར་སློག་ཆེད་ཕར་འགྲོ་ཚུར་འོང་ཉུང་ཙམ་བྱ་རྒྱུ་མངོན་འགྱུར་བྱུང་ཡོད། ལྗོངས་ནང་ཁུལ་གྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས“བོད་ལྗོངས་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་བའི་ཚོམས་ཆེན”(218.206.180.132)ནས་འབྲེལ་ཡོད་ལས་སྒོ་གཉེར་ཆོག་གི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།