བོད་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་ཕྱིན་ཏེ་དམངས་གཉེར་དཔལ་འབྱོར་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་མང་དུ་གཏོང་བའི་ཡོང་ཁུངས་གལ་ཆེན། སྤྱི་ཚོགས་ལས་ཞུགས་རྒྱ་ཆེར་གཏོང་བའི་གཞི་རྟེན་གལ་ཆེན་བཅས་སུ་གྱུར་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

སྒྱུར་བཅོས་སྒོ་དབྱེ་བྱས་པ་དང་སྦྲགས་བོད་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉམས་ཞན་ནས་སྟོབས་ཆེན་བཅས་སུ་འཕེལ་རྒྱས་ཕྱིན་ཡོད།

2019ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་རའི་བྱེད་པོ་ཁྲི་31.49ཟིན་པ་དེས་ལྗོངས་ཡོངས་ཀྱི་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་96.83%བཟུང་སྟེ་དུས་མཚུངས་ལས་19.04%འཕར་བ་དང་། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་8909.28ཟིན་ཏེ་དུས་མཚུངས་ལས་12.65%འཕར་ཡོད། དེའི་ཁྲོད་སྒེར་གཉེར་ཁེ་ལས་ཁྲི་6.38དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་8303.86ཟིན་ཏེ་དུས་མཚུངས་ལས་14.69%དང་11.38%སོ་སོར་འཕར་ཡོད། ལྗོངས་ཡོངས་ཀྱིས་ཚོང་འགུག་མ་འདྲེན་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་360བྱས་ཡོད། དམངས་ཁྲོད་མ་འཇོག་བྱེད་ཚད་2.9%འཕར་བ་དང་། ལྗོངས་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2009.7ཟིན་ཏེ་དུས་མཚུངས་ལས་0.31%འཕར་ཡོད། དམངས་གཉེར་དཔལ་འབྱོར་གྱིས་ཁྲལ་འབབ་90%ཡན་དང་། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་40%ཡན། གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་ལས་ཞུགས་80%ཡན། ཁེ་ལས་གྲངས་འབོར་90%ཡན་བཅས་ལེགས་སྐྱེས་ཕུལ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།