ཁྲེང་ཀོན་ཆུས་ཀྱིས་གྲོང་མིའི་གོང་ཁེའི“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་ལག་བསྟར་ཡག་པོ་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདས་ཟིན་པའི་ཟླ་གཅིག་ལྷག་ཙམ་ནང་། ལྷ་ས་གྲོང་ཁྱེར་གྱི་སྔོ་ཚལ་མཁོ་སྤྲོད་འདང་ངེས་ཡོད་ཅིང་། ཐོན་སྐྱེད་རྟེན་གཞི་ནས་འཁོར་སྐྱོད་ས་ཚིགས་བར་དང་དེ་ནས་སྔོ་ཚལ་ཐད་འཚོང་ས་ཚིགས་བར་སྔོ་ཚལ་མཁོ་སྤྲོད་འཁོར་སྦྲེལ་སྔ་ཕྱི་བར་གསུམ་དུ་རྒྱུན་གཏན་ངང་འཁོར་སྐྱོད་བྱེད་བཞིན་ཡོད། མཁོ་སྤྲོད་འཁོར་སྦྲེལ་གྱི་ལྷུ་ཚིགས་ཁྲོད་ཁྲེང་ཀོན་ཆུས་ཀྱིས་སྐོར་སྐྱོད་ཐད་འཚོང་ས་ཚིགས་མང་དུ་བཏང་བས། གྲོང་མིས་ཁྱིམ་གྱི་སྒོ་འགྲམ་ནས་བློ་བདེ་ཞིང་གོང་ཁེའི་ཚལ་ཉོ་ཐུབ་པ་བྱུང་སྟེ་གྲོང་མིའི་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་ཡོད།

ཁྲོམ་རའི་བརྟན་ལྷིང་དང་བཟའ་བཅའི་སྤུས་ཚད་ཀྱི་བདེ་འཇགས་བློས་འཁེལ་ཡོང་རྒྱུར་སྔར་བས་འགན་ལེན་བྱ་ཆེད། ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཁྲོམ་རའི་བྱེད་པོའི་འགན་འཁྲི་རང་འགུལ་ངང་འཁུར་བ་མ་ཟད། ནུས་ལྡན་གྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་འཕྲལ་སྡོམ་གྲབས་གསོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་འབྲས་དང་། གྲོ་ཞིབ། འབྲུ་རིགས། སྣུམ་བཅས་དང་། སྔོ་ཚལ། ཤིང་འབྲས། ཤ་རིགས་སོགས་དངོས་ཟོག་གི་ཟོག་ཁུངས་འདང་ངེས་ཡོང་བ་དང་། རིན་གོང་བརྟན་པོ། སྤུས་ཚད་བློས་འཁེལ་བཅས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་ཁྲོམ་རའི་སྒྲིག་ལམ་འཁོར་རྒྱུག་ཡག་པོ་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

ཁྲེང་ཀོན་ཆུས་དང་དེ་བཞིན་མཐའ་འཁོར་རྫོང་དང་ཆུས་ཀྱིས་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོ་གང་ལེགས་སྤྱད་དེ་ས་གནས་དེ་གའི་སྔོ་ཚལ་སྔོན་ལ་ཉོས་ནས་ཚལ་འདེབས་ཞིང་པའི་ཧུར་སེམས་སྐུལ་སློང་བྱེད་པ་དང་ཚལ་འདེབས་ཞིང་པ་དང་གྲོང་མིའི་དབར་ཐད་ཀར་ཉོ་ཚོང་བྱེད་པའི་ལས་སྟེགས་གཏོད་དེ་སྔོ་ཚལ་མཁོ་སྤྲོད་འདང་ངེས་འགན་ལེན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།