ལྷ་ས་གྲོང་ཁྱེར་གྱིས2020ལོའི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བ།

a3507d33-ce7d-419f-8c65-ab4de8592d8b.jpg.1.jpg

འདི་ནི་སྡོང་འཛུགས་བྱེད་སྒོའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགར། ལྷ་ས་གྲོང་ཁྱེར་ལྗང་སྒྱུར་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་རྩྭ་ས་ནགས་ལས་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག་ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དང་། ལྗོངས་ཐད་གཏོགས་ལས་ཁུངས། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཅས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་ཁྲོམ་གཞུང་གཞུང་དོན་ཁང་འབྲོག་མ་གྲོང་ཚོར་སོང་སྟེ2020ལོའི་ལྷ་ས་གྲོང་ཁྱེར་གྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེའི“འོས་འགན་སྡོང་འཛུགས་ནང་ཧུར་ཐག་ཞུགས་ནས་ལྗང་མདོག་བདེ་སྐྱིད་ལྡན་པའི་ལྷ་ས་མཉམ་སྐྲུན་བྱེད་”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ས་ཆ་དང་འཚམ་པའི་སྡོང་འཛུགས་ཀྱི་རྩ་དོན་གཞིར་བཟུང་ནས་སྦྱར་ལྕང(སྡོང་རྐང5407)དང་། རྒྱལ་རྩེའི་སྟར་བུའི་སྡོང་བོ(རྐང10056)བཅས་སྡོང་འཛུགས་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་རྟེན་གཞི་དེའི་འདེབས་འཛུགས་རྒྱ་ཁྱོན་མུའུ253.7ཟིན་རྒྱུ་རེད། གྲོང་ཁྱེར་ཡོངས་ཀྱི(རྫོང་དང་ཆུས་ཁག་ཚུད་པ)ད་ལོའི་འོས་འགན་སྡོང་འཛུགས་སྤྱིའི་གཞི་ཁྱོན་མུའུ30500ཡན་ཟིན་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།