བོད་ལྗོངས་ཕད་མེ་ཞིང་སྡེ་གཞུང་ལམ་གྱི་ལམ་ཐིག་ཧྲིལ་བོ་བསྐྱར་དུ་ལས་འགོ་བརྩམས།

W020200401349368524090.jpg

འདི་ནི་ཟླ3པའི་ཚེས23ཉིན་ལས་བཟོ་བས་ཉིང་ཁྲིའི་ཕད་མེ་ཞིང་སྡེ་གཞུང་ལམ་སྟེང་ལས་གཞི་ལག་བསྟར་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོ་ཧྭ་ནེང་སྡེ་ཚོགས་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་སྟེ་རོགས་སྐྱོར་འཛུགས་སྐྲུན་བྱེད་བཞིན་པའི་བོད་ལྗོངས་ཀྱི་གཙོ་གནད་དམངས་འཚོའི་ལས་གཞི་སྟེ་ཉིང་ཁྲིའི་ཕད་མེ་ཞིང་སྡེ་གཞུང་ལམ་གྱི་དུམ་མཚམས་གཉིས་བ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས། དེ་ལས་གཞུང་ལམ་འདིའི་ལམ་ཐིག་ཧྲིལ་བོ་བསྐྱར་དུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་མཚོན།

W020200401349368611577.jpg

འཛུགས་སྐྲུན་བྱེད་བཞིན་པའི་ཉིང་ཁྲིའི་ཕད་མེ་ཞིང་སྡེ་གཞུང་ལམ།

  ཕད་མེ་ཞིང་སྡེ་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ66.7ཡོད་པ་དང་ལམ་རྒྱུད་ཀྱི་ས་ཆ་མང་ཆེ་བ་མི་མེད་ལུང་སྟོང་ཡིན། སྔ་གཞུག་ཏུ་ས་བབ་མཐོ་ཚད་སྨི4200ལྷག་གི་རྡོ་གཞོང་ལ་གངས་རི་དང་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་སྟག་ཁ་གཡང་གཟར་སོགས་ས་གཤིས་ཀྱི་གནོད་འཚེ་བྱུང་ཐེངས་མང་བའི་ས་ཁུལ་བརྒྱུད་ཡོད་ཅིང་། རང་བྱུང་ཆ་རྐྱེན་ཞན་པ་དང་ལས་གཞི་ལག་བསྟར་བགྲོད་ལམ་གུ་དོག་པས་འཛུགས་སྐྲུན་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། ཧྭ་ནེང་ཀྱི་རྒྱ་ཆེའི་ལས་བཟོ་བས་མཐོ་གྲང་དང་། ས་བབ་མཐོ་བ། ས་གཤིས་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་སེལ་ཏེ། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཅིག་ནས་ལས་འགོ་བསྐྱར་ཚུགས་ཀྱི་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ། དུས་འགོར་གངས་གསོག་གཙང་སེལ་བྱ་བ་ལེགས་འགྲུབ་བྱུང་ནས། མིག་སྔར་ནུས་ཤུགས་ཡོད་རྒུས་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་པའི་སྒང་རེད། 

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གློག་ཆུ་ཀུང་ཟིའི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། ཕད་མེ་ཞིང་སྡེ་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་རྫོང་མཁར་གྱི་གཞུང་ལམ་གྱི་ལམ་ཐག་དེ་སྔོན་ཆད་སྤོ་མེ་རྫོང་བརྒྱུད་པའི་སྤྱི་ལེ346ནས་ཕད་གྲོང་རྡལ་བརྒྱུད་པའི་སྤྱི་ལེ180བར་ཇེ་ཐུང་དུ་བཏང་ཡོད་དེ། མེ་ཏོག་རྫོང་ལ་བསྐྱོད་དཀའ་བའི་གནད་དོན་ཐག་གཅོད་གང་ལེགས་བྱས་ཡོད། དེ་དང་ཆབས་ཅིག རྣམ་གྲངས་འཛུགས་སྐྲུན་ལས་ས་གནས་དེའི་ཆུ་འཐུང་དཀའ་བ་དང་། ཞིང་ཆུ་འདྲེན་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། ལམ་རྒྱུད་ཀྱི་མང་ཚོགས་ཁྲི1.4ལ་ཁེ་ཕན་སྐྲུན་ནས། ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་ས་གནས་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བར་སྣེ་ཁྲིད་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།