ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས2020ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་བརྙན་ཟློས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2019ལོར། བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལག་རྩལ་ཕྱོགས་སྟོན》བཟོས་ཏེ། མ་དངུལ་སྒོར་ཁྲི230.11བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལ་ལྟ་སྐུལ་དོ་དམ་སྟེགས་བུ(དུས་ཐེངས་དང་པོ)འཛུགས་སྐྲུན་བྱེད་པར་དངོས་འབེབས་བྱས། 2020ལོར་བོད་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དཔྱད་དཔོག་ལེགས་སྒྱུར་དང་ས་མཚམས་ཐིག་ལེན་གྱི་ཚད་གཞི་གཏན་འཁེལ་བྱ་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལྟ་སྐུལ་དོ་དམ་སྟེགས་བུ(དུས་ཐེངས་དང་པོ)འཛུགས་སྐྲུན་བྱ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། སྟེགས་བུ་དེས་དམར་ཐིག་ལྟ་སྐུལ་དོ་དམ་གྱི་གཞི་གྲངས་ཐོན་ཁུངས་མཛོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་ཁུངས་མང་གྲུབ་འགལ་གྱི་གཞི་གྲངས་མགྱོགས་མྱུར་ངང་མཛོད་འཇུག་དང་། འདྲི་རྩད། བསྡོམས་རྩིས་དབྱེ་ཞིབ། འགྲེམས་སྟོན་དང་ཕྱིར་འདྲེན། རང་བྱུང་སྲུང་སྐྱོང་ཁུལ་གྱི་མིའི་རིགས་ཀྱི་བྱེད་སྒོའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན། ས་ངོས་ཞིབ་བཤེར་གྱི་ཆ་འཕྲིན་རྩིས་ཐོ་དོ་དམ་སོགས་ཀྱི་ནུས་པ་ལྡན་པས། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱིས་ཚན་རྩལ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས།