མངའ་རིས་ས་ཁུལ་གྱིས2020ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་གྲངས་གཞིར་ཞིབ་དཔྱད་བྱས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཐོག་ཏུ་གནད་འཕིགས་ངང2020ལོའི་མངའ་རིས་ས་ཁུལ་གྱི་མཐོ་སློབ་མཐར་ཕྱིན་སློབ་མའི་གཞི་གྲངས་ངོས་འཛིན་བྱ་ཆེད། མངའ་རིས་ས་ཁུལ་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བའི་ཆེད་ལས་འཛིན་གྲྭས་ཟླ་བ་གཅིག་གི་དུས་ཡུན་བེད་སྤྱད་དེ། ཐམས་ལམ་མང་པོ་བརྒྱུད། བོད་ལྗོངས་ཀྱིས་ཕྱིར་ལྡོག་བྱས་པའི2020ལོའི་མངའ་རིས་ཐེམ་ཁུངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ཆ་འཕྲིན་ལ་ཞིབ་དཔྱད་བྱས་པ་དང་མ་ལག་འཐུས་ཚང་དུ་བཏང་། 

ཐེངས་འདིའི་གཞི་གྲངས་ཞིབ་དཔྱད་དང་འཐུས་ཚང་དུ་གཏོང་བའི་བྱ་བར་བརྟེན་ནས2020ལོར་མཐར་ཕྱིན་བྱ་རྩིས་ཡོད་པའི་མཐོ་སློབ་མཐར་ཕྱིན་སློབ་མའི་གཞི་གྲངས་འགུལ་རྣམ་དོ་དམ་བྱེད་པ་མངོན་འགྱུར་བྱས་ཤིང་། 2020ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ཆ་འཕྲིན་དོ་དམ་ལ་ལག་ཁ་ཚང་དང་གནད་འཕིགས་ཡིན་པར་ཁག་ཐེག་བྱས་ལ། རྗེས་ཕྱོགས་སྔར་ལས་ལྷག་པའི་སྒོ་ནས2020ལོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་གཞི་གྲངས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།