སློབ་མ453གྱི་ཆེད་དུ་ལས་གནས་བརྟན་སྲུང་བྱེད་པ།

138910919_15850188456161n.jpg

འདི་ནི་ཧི་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་བོད་ལྗོངས་འཛིན་གྲྭའི་བོད་རིགས་སློབ་མ་ཚོས་དྲ་ཐོག་སློབ་ཚན་ཉན་བཞིན་པ།

138910919_15850188457561n.jpg

138910919_15850188457871n.jpg

འདི་ནི་ཧི་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་བོད་རིགས་འཛིན་གྲྭའི་སློབ་མ་ཚོས་སློབ་གསེང་དུ་ཕིང་ཕང་སྤོ་ལོ་རྒྱག་བཞིན་པ།

138910919_15850188457251n.jpg

འདི་ནི་ཧི་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣས་སློབ་ཁང་ལ་དུག་སེལ་བྱེད་བཞིན་པ།

138910919_15850188458501n.jpg

འདི་ནི་ཧི་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་དགེ་རྒན་གྱིས་བོད་རིགས་སློབ་མར་ཚ་བ་ལྟ་བཞིན་པ།

138910919_15850188456621n.jpg

འདི་ནི་ཧི་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་བོད་རིགས་འཛིན་གྲྭའི་སློབ་མ་ཚོས་སློབ་ཁང་ནང་དྲ་ཐོག་སློབ་ཚན་ཉན་བཞིན་པ།

138910919_15850188456941n.jpg

འདི་ནི་ཧི་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་བོད་རིགས་འཛིན་གྲྭའི་སློབ་མ་ཚོས་ཟ་མ་ཟ་བཞིན་པ།

138910919_15850188458181n.jpg

འདི་ནི་ཧི་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་བོད་རིགས་འཛིན་གྲྭའི་སློབ་མས་ཁྱིམ་མི་དང་བརྙན་ལམ་ནས་ཁ་བརྡ་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧི་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པ་ནི་ཨན་ཧུའེ་ཞིང་ཆེན་སློབ་གསོའི་བོད་སྐྱོར་གྱི་སློབ་གྲྭ་ཞིག་ཡིན་པ་དང་སློབ་གྲྭ་དེར་ཁྱོན་བོད་རིགས་སློབ་མ694ཡོད། ལོ་ལྟར་དགུན་ཁའི་གུང་གསེང་རིང་བོད་རིགས་སློབ་མ་ཁག་གཅིག་ལམ་ཐག་རིང་བའི་རྐྱེན་གྱིས་ཕ་ཡུལ་དུ་ལོག་མ་ཐུབ་པར་སློབ་གྲྭར་སྡོད་དགོས་འཁེལ་ཡོད། འདི་ལོའི་དགུན་ཁའི་གུང་གསེང་རིང་། སློབ་གྲྭའི་འཛིན་གྲྭ19ཡི་བོད་རིགས་སློབ་མ453སློབ་གྲྭར་བསྡད་ཡོད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། ཧི་ཧྥེ་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ལུགས་རྙིང་ལོའི་བཅུ་གཉིས་པའི་ཚེས་28ཉིན་ནས་བཟུང་སློབ་གྲྭ་བཀག་སྡོམ་བྱས་པ་དང་འབྲེལ་མི་139ལས་གྲུབ་པའི་སྲུང་སྐྱོང་དཔུང་ཁག་བཙུགས་ཏེ། འཛིན་གྲྭའི་ཀྲུའུ་རེན་དང་། སློབ་གྲྭའི་སྨན་པ། རྒྱབ་ཕྱོགས་མཁོ་སྒྲུབ།  བདེ་སྲུང་སོགས་ཀྱི་ལས་དོན་པ་སློབ་གྲྭར་བསྡད་དེ་མཉམ་དུ་བོད་རིགས་སློབ་མ་453གྱི་བདེ་ཐང་སྲུང་སྐྱོང་བྱས་པ་རེད།

ད་ཆ་སློབ་གྲྭར་ཡོད་པའི་བོད་རིགས་སློབ་མ་453ཡི་ནང་ནས་སློབ་མ་གཅིག་ལའང་རིམས་ནད་འགོས་མེད། དྲ་ཐོག་ནས་སློབ་ཚན་འཁྲིད་པ་དང་སློབ་གྲྭའི་སློབ་ཁྲིད་སྒྲིག་ལམ་ཡང་རིམ་བཞིན་སླར་གསོ་ཡོང་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།