ལྷ་ས་གྲོང་ཁྱེར་གྱིས་ད་ལོར་ལས་ཞུགས་སྤོ་སྒྱུར་རྟེན་གཞི100སྐྲུན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་མང་ཚོགས་རང་ས་གནས་དང་ཉེ་འགྲམ་དུ་སྟབས་བདེའི་ངང་ལས་ཞུགས་མངོན་འགྱུར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ད་ལོར་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་རྟེན་གཞི100འཛུགས་སྐྲུན་ལེགས་འགྲུབ་བྱུང་བར་བརྩོན་ལེན་བྱ་རྒྱུ་རེད།

  ངོ་སྤྲོད་བྱས་པ་ལྟར་ན། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་རྟེན་གཞི་འཛུགས་སྐྲུན་བྱེད་པ་དེས་ལས་ཞུགས་སྤོ་སྒྱུར་གྱི་སྤུས་ཚད་ཇེ་མཐོ་རུ་གཏོང་བ་དང་མི་ཤུགས་ཐོན་ཁུངས་ཁྲོམ་ར་གསར་སྤེལ་ལ་ཤུགས་སྣོན་བྱེད་པར་དོན་སྙིང་གལ་ཆེན་ལྡན། ད་ལོར། ལྷ་ས་གྲོང་ཁྱེར་གྱིས་ས་གནས་དེའི་ཐོན་ལས་འཕེལ་རྒྱས་དང་རོང་འབྲོག་པའི་ལས་ཞུགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། རིགས་སོ་སོའི་བཟོ་ལས་གླིང་ཁུལ་དང་ཐོན་ལས་གླིང་ཁུལ་དེ་ལས་ཞུགས་ཀྱི་གཡུལ་ས་གཙོ་བོར་བརྩིས་ནས། རང་འགུལ་ངང་རིགས་སོ་སོའི་ཁེ་ལས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་རྟེན་གཞི་སྐོར་གཅིག་གཙོ་གནད་ཐོག་སྐྱེད་སྲིང་བྱས་ཏེ2020ལོའི་ལོ་མཇུག་ཏུ་བསླེབ་སྐབས་གྲོང་ཁྱེར་ཡོངས་ཀྱི་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་རྟེན་གཞི100བསྐྲུན་པར་བརྩོན་ལེན་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་རྟེན་གཞིར་བརྟེན་ནས་མངག་ཐོ་གནས་ངེས་རྣམ་པ་དང་ལས་ཚབ་སྦྱོང་བརྡར་རྣམ་པའི་རྩལ་ནུས་གསོ་སྦྱོང་བྱས་ཏེ། མང་ཚོགས་སྔར་ལས་མང་བ་ཞིག་ཐག་ཉེ་སར་སྟབས་བདེ་ཡིན་པ་དང་ཕ་ཡུལ་དང་ཁ་མི་བྲལ་བར་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་མཉམ་འདྲེས་ཐུབ་པ་བྱས་ནས་བརྟན་རླིང་ངང་ལས་ཞུགས་ཐུབ་པ་མངོན་འགྱུར་བྱ་རྒྱུ་རེད། 

གཞན་ཡང་ད་ལོར་ལྷ་ས་གྲོང་ཁྱེར་གྱིས་ངལ་ནུས་ཕྱིར་གཏོང་གི་དཔེ་མཚོན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་བ་མུ་མཐུད་དུ་ཆེ་རུ་གཏོང་རྒྱུ་དང་། རྫོང4དང་། ཤང8། གྲོང་ཚོ11གི་ངལ་ནུས་འབྲེལ་མཐུད་དང་། གཞི་ཁྱོན་ཅན་སྤོ་སྒྱུར། ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཐད་ཀྱི་གསར་གཏོད་བྱེད་ཐབས་རྒྱ་ཆེར་གཏོང་རྒྱུ། “འབྲེལ་མཐུད་དང་། གསོ་སྦྱོང་། སྤོ་སྒྱུར”བཅས་གཞི་གཅིག་ཅན་གྱི་ངལ་ནུས་ཕྱིར་གཏོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དཔེ་མཚོན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རོང་འབྲོག་པ་ལས་ཞུགས་སྤོ་སྒྱུར་བྱེད་ཚད90%ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།