བོད་ལྗོངས་ཀྱི་ལས་རིགས་ཁག་ལས་ཐོན་བསྐྱར་ཚུགས་ཀྱི་ལས་ལ་བྲེལ།

༡.jpg

འདི་ནི་བོད་ལྗོངས་མཁའ་འགྲུལ་གྱིས་བོད་དུ་ཕྱིར་ལོག་བྱེད་མཁན་ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་བོད་དུ་ལས་ཀ་སླར་གསོ་བྱེད་མཁན་ལ་བསུ་བ་ཞུ་བའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་བོད་རང་སྐྱོང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གནད་སྨིན་བྱེད་པ་དང་དུས་མཚུངས་སུ་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་བཏང་བ་རེད། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ། གཞིས་ཀ་རྩེ་སོགས་ཀྱི་ལས་རིགས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཚ་ཚ་འུར་འུར་ངང་ལས་ལ་བྲེལ་བའི་རྣམ་པ་དེ་གྲོང་ཁྱེར་དང་ཞིང་སྡེ། རི་མཐོའི་གྲོག་རོང་། ཞིང་ནང་དང་འབྲོག་ར་སོགས་སུ་མངོན་ཡོད།

༢.jpg

 འདི་ནི་བོད་ལྗོངས་ཀྱི་གྲོང་མིའི་འཚོ་བ་རྒྱུན་གཏན་དུ་གྱུར་བའི་ཚུལ་རེད།

༣.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་པ་བྲེལ་བ་ཆེ་བའི་རྣམ་པ་རེད། 

༤.jpg

    འདི་ནི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པའི་ཡུལ་དངོས་རེད། 

༥.jpg

    འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤང་མེར་ཤང་ལུག་གསོ་སྤེལ་རྟེན་གཞིའི་རྣམ་པ་རེད། 

༦.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཀྱི་ཨར་ལས་ཡུལ་དངོས་སུ་ལས་བཟོ་པ་བྲེལ་བ་ཆེ་བའི་རྣམ་པ་རེད། 

༧.jpg

    འདི་ནི་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྣེ་འདྲེན་ཁེ་ལས་ཀྱི་ལས་མིས་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ལ་བྲེལ་བའི་ཚུལ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།