བོད་ལྗོངས་ཀྱིས་དཔེ་ཀློག་བྱ་འགུལ་རབ་དང་རིམ་པ་སྤེལ་བ།

1585098480957086.jpg

མང་ཚོགས་ཀྱིས་དཔེ་ཀློག་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟའི་བར་དུ་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་རྒྱུན་མཐུད་དང་གཏིང་ཟབ་ངང་སྤེལ་ནས་རིག་གནས་གཡུལ་ས་འཛུགས་སྐྲུན་བྱ་བར་ཤུགས་སྣོན་རྒྱག་ཆེད། བོད་རང་སྐྱོང་ལྗོངས་ཀྱིས“དཔེ་ཀློག་བོད་ལྗོངས”ཀྱི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ“དཔེ་ཆ་ཉོ་དཀའ་བ་དང་། དཔེ་ཆ་གཡར་དཀའ་བ། དཔེ་ཆ་ལྟ་དཀའ་བ”བཅས་ཀྱི་ཉིང་ཁྲི་དང་། ལྷོ་ཁ། གཞིས་རྩེ། མངའ་རིས་སོགས་གྲོང་ཁྱེར་དང་ས་ཁུལ་གྱི་མཐའ་མཚམས་ས་ཁུལ་དུ་དཔེ་དེབ་སྣ་ཚོགས་ཞལ་འདེབས་སུ་ཕུལ་ནས“རྒྱལ་སྒོའི་དཔེ་ཁང”དང“ཞིང་ཁྱིམ་དཔེ་ཁང”འཛུགས་སྐྲུན་བྱས་ཏེ། མཐོ་སྒང་གི་ས་གནས་སོ་སོར་དཔེ་དེབ་ཀྱི་དྲི་བསུང་འཐུལ་བར་བྱས་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།