ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོའི་ཚུན་དུ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བློ་སྐྱོར་དང་རིག་སྐྱོར་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་ཆོད་སེམས་དང་ཡིད་ཆེས་འཕེལ་བར་བྱས་ཤིང་། མང་ཚོགས་ཀྱི་རང་བརྟེན་དབུལ་སྒྲོལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བ་བྱས་ཡོད། རིམ་ཁག་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དམིགས་ཏེ། སྤྱོད་འཐུས་ཀྱི་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ནས་དག་ཐེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཤེས་རྟོགས་ཐུབ་པའི་གནད་དོན་ཚང་མར་ལན་ཡོད་པ་དང་ཚང་མ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད། དམངས་འཚོར་ཕན་འདོགས་པ་དང་། འབབ་འཕར་ལ་སྐུལ་འདེད་གཏོང་བ། ཐོན་ལས་ལ་དམ་འཛིན་བྱེད་པ་བཅས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་ཡོང་འབབ་མང་དུ་ནུས་ལྡན་བཏང་སྟེ་དབུལ་སྒྲོལ་གྱི་མང་ཚོགས་བསྐྱར་དུ་དབུལ་པོར་མི་འགྱུར་བ་བྱས་ཡོད། རང་བརྟེན་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་ཤེས་བྱ་སློབ་སྦྱོང་དང་། ཤེས་རྟོགས། ཁོང་དུ་ཆུད་པར་རོགས་རམ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་། ངོས་འཛིན་མཐོ་རུ་བཏང་ནས་དེ་བས་ཧུར་བརྩོན་ཆེ་བའི་རྣམ་འགྱུར་དང་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་ལས་ཀའི་ནང་ཞུགས་ཡོད། ས་བབ་ལ་བསྟུན་པ་དང་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་ཀྱི་ནང་དོན་དང་གཙོ་གནད་ཀྱི་མི་སྣ་འབུར་དུ་ཐོན་པ་བྱས་ནས། དམིགས་སའི་རང་བཞིན་ལྡན་པའི་ངང་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་མང་ཚོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཤེས་ཚད་མཐོ་རུ་གཏོང་བ། མང་ཚོགས་ལ་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་སེལ་བ་དང་ཚན་རིག་ལ་གོང་བཀུར་བྱས་ནས་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ཏེ་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱེད་པ་དང་ཟུང་འབྲེལ་བྱས་ནས་རྨང་གཞིའི་དཔྱད་གཞི་དུས་ཐོག་ཏུ་གསར་བརྗེ་དང་གྲོང་ཚོའི(གྲོང་ལྷན)གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ་མཐིལ་རྟོགས་གསལ་པོ་དང་གནས་ཚུལ་ཤེས་རྟོགས་ཏན་ཏིག་ཐུབ་པ་བྱས་ཤིང་། གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱིས་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཏང་གི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་ནས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།