ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས61པ་འཆར་ལ་ཉེ་བའི་སྐབས་སུ། བོད་ལྗོངས་ས་གནས་ཁག་གི་ལས་བྱེད་མང་ཚོགས་ཚོས་རང་འགུལ་ངང་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བ། རྒྱལ་དར་ལ་གུས་འདུད་ཞུ་བ། རྒྱལ་དར་མཉམ་དུ་པར་ལེན་བྱེད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་བསུ་བ་ཞུས་ཏེ། ཏང་དང་མེས་རྒྱལ་ལ་དྲིན་ཚོར་གྱི་བསམ་པ་དང་དགའ་ཞེན་གྱི་བསམ་པ་མཚོན་པར་བྱས་ཡོད།།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་བསུ་བ་ཞུས།