ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞུང་ཁོངས་ཁེ་ལས་ནས་གྲོང་གསེབ་དར་རྒྱས་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྐུལ་སྤེལ་མཐུན་ཚོགས་ཉིན་ཤས་གོང་ལྷ་སར་དངོས་སུ་བཙུགས་པ་རེད། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། དབུལ་གྲོལ་གནད་འཕིགས། ཁྱད་ལྡན་ཐོན་ལས། ཁོར་ཡུག་སྲུང་སྐྱོང་། རིག་གནས་ཡུལ་སྐོར། དགེ་སྒྲུབ་བྱ་གཞག་སོགས་མཐུན་སྦྱོར་གོང་འཕེལ་གང་ལེགས་ཡོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་དང་སྤྱི་ཚོགས་སྟོབས་ཤུགས་ཧུར་ཐག་ཞུགས་རྒྱུར་སྒྲིག་འཛུགས་སྐུལ་སློང་བྱེད་པ། བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་དང་ཁོར་ཡུག་སྲུང་སྐྱོང་ལ་རོགས་འདེགས་བྱེད་པ། བོད་ཀྱི་དཔལ་འབྱོར་དང་སྐྱེ་ཁམས་སྐྱོན་བྲལ་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་སྐུལ་སྤེལ་མཐུན་ཚོགས་དེ་བཙུགས་ཡོད།།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་གཞུང་ཁོངས་ཁེ་ལས་ཀྱིས་གྲོང་གསེབ་དར་རྒྱས་དང་ཁོར་ཡུག་སྲུང་སྐྱོང་སྐུལ་འདེད་གཏོང་རྒྱུ་རེད།