བོད་ལྗོངས་ཀྱིས་ན་ནིང་ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར18ལྷག་དངོས་འབེབས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ཐད་ལ་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས2020ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་བརྙན་ལམ་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ཏེ། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་སྤོ་སྒྱུར་གཏོང་སྤྲོད་དང་རིགས་སོ་སོའི་སྐྱེ་ཁམས་ཁ་གསབ་ལམ་ལུགས་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། བསྡོམས་པས་ཀྲུང་དབྱང་གི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར18.78དངོས་འབེབས་བྱས་པ་དང་། མང་ཚོགས་ཀྱིས་ལྗོང་མདོག་གི་ཁེ་སྤོགས་སྔར་ལས་མང་བ་ལོངས་སྤྱོད་བྱེད་ཐུབ་པ་བྱུང་། 

རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ7གྱི་མཁའ་དབུགས་སྤུས་ཚད་ཆ་སྙོམས་སུ་ལེགས་པའི་ཉིན་གྲངས99.6%ལ་སླེབས་པ་དང་། ལྷ་ས་གྲོང་ཁྱེར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ168ཀྱི་མཁའ་དབུགས་སྤུས་ཚད་ཀྱི་ཨང་རིམ་ཁྲོད་ཨང་དང་པོར་སླེབས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།