བོད་ལྗོངས་ཀྱི་དབུལ་སྐྱོར་འཁོར་ཁང་དུ་གསོ་སྦྱོང་གི་ལས་ལ་བྲེལ།

1584924104987167.png

 འདི་ནི་རོང་འབྲོག་མང་ཚོགས་ཀྱིས་སྟེང་ཆེན་རྫོང་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་དབུལ་སྐྱོར་འཁོར་ཁང་དུ་ལག་རྩལ་གསོ་སྦྱོང་དང་ལེན་བྱེད་པའི་ཚུལ་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་དག་གིས་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་གནས་བརྟན་གཏོང་གི་ལས་ཞུགས་བྱ་བ་སྤེལ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དངོས་འབེབས་གཏིང་ཟབ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས། ས་གནས་དེའི་ལས་མི་བཀོལ་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ས་གནས་དེའི་རོང་འབྲོག་པ་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། བདེ་འཇགས་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གཏོད་སླར་གསོ་དང་མང་ཚོགས་ཀྱི་ལས་ཞུགས་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་བཏང་བ་རེད། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།