ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གསར་འགོད་པས་ཀྲུང་གོ་ས་ཡོམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་ལྟར། ཚེས20ཉིན་གྱི་ཆུ་ཚོད9དང་སྐར་མ33ཐོག་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ5.9བྱུང་བ་དང་ཡོམ་ཁུངས་གཏིང་ཚད་སྟོང་སྨི10ཡོད་པ་རེད། མིག་སྔའི་བར་དུ་གནས་སྐབས་དུ་མི་སྣ་ཤི་རྨས་སམ་ཡང་ན་རྒྱུ་ནོར་གྱི་གྱོང་གུན་སྙན་ཞུ་ཞུས་མེད།
ས་ཡོམ་བྱུང་རྗེས་ཀྲུང་གོ་ས་ཡོམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་དུས་ཐོག་ཏུ་འཕྲལ་སྡོམ་དོ་དམ་པུའི་བཀོད་འདོམས་ཚོམས་ཆེན་དུ་བསྐྱོད་དེ་བོད་རང་སྐྱོང་ལྗོངས་ས་ཡོམ་ཅུའུ་དང་ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བའི་ལྟེ་གནས་ལ་བརྙན་ལམ་སྦྲེལ་མཐུད་བྱས་པ་དང་། ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་སྙན་ཞུ་ལ་ཉན། འཕྲལ་སྡོམ་ཐག་གཅོད་ལས་དོན་བཀོད་སྒྲིག་བྱས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་ས་ཡོམ་གནས་ཚུལ་གྱི་འཕེལ་ཕྱོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཡག་པོ་བྱ་རྒྱུར་ཤུགས་སྣོན་རྒྱབ་པ་དང་། གནོད་འཚེའི་གནས་ཚུལ་མགྱོགས་མྱུར་བསྡུ་རུབ་དང་ཡར་ཞུ་བྱེད་པ། འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་སྙན་ཞུ་འབུལ་བ། ས་གནས་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་འཕྲལ་སྡོམ་ཐག་གཅོད་དང་། ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་དང་ལེན་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལས་དོན་ལེགས་པོར་སྒྲུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་རིམ་པ5.9ཅན་གྱི་ས་ཡོམ་བྱུང་།