བོད་ལྗོངས་སྲིད་གཞུང་གིས“སའི་གོ་ལའི་སྣེ་གསུམ་པའི”ཐོན་རྗས་གྲགས་ཅན་འཛུགས་སྐྲུན་བྱ་བར་ཆེད་དོན་ཞིབ་འཇུག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་བསྡུས་ནས《2020ལོ་ནས2022ལོའི་བར་གྱི་སའི་གོ་ལའི་སྣེ་གསུམ་པའི་ཐོན་རྗས་གྲགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་བའི་ཇུས་གཞི》ཞིབ་འཇུག་བྱས་ནས་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། ལས་དོན་སོ་སོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་བ་རེད། 

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་ཀྱང་གནང་བ་རེད། 

ཚོགས་འདུ་ལས་བསྟན་དོན།  “སའི་གོ་ལའི་སྣེ་གསུམ་པའི”ཐོན་རྗས་གྲགས་ཅན་འཛུགས་སྐྲུན་རྒྱ་ཇེ་ཆེ་དང་སྟོབས་ཆེན་དུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དངོས་འབེབས་གཏིང་ཟབ་བྱེད་པའི་བྱ་ཐབས་ཡིན་པ་མ་ཟད། བོད་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་འཛུགས་སྐྲུན་སྲ་བརྟན་དང་མཐོ་རུ་གཏོང་བའི་ཐབས་ལམ་ཞིག་ཀྱང་ཡིན་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། འབྲེལ་ཡོད་སྡེ་ཚན་སོ་སོས་མཉམ་ལས་བྱས་པ་བརྒྱུད“སའི་གོ་ལའི་སྣེ་གསུམ་པའི”ཐོན་རྫས་གྲགས་ཅན་འཛུགས་སྐྲུན་ཐད་ཚོང་རྟགས་ཐོ་འགོད་དང་། སྲུང་སྐྱོང་། ཉོ་ཚོང་ཁྱབ་གདལ་སོགས་ཕྱོགས་ནས་གྲུབ་འབྲས་ངེས་ཅན་ཐོབ་ཡོད། 

ཚོགས་འདུ་ལས་ནན་གྱིས་བསྟན་དོན། “སའི་གོ་ལའི་སྣེ་གསུམ་པའི”ཐོན་རྫས་གྲགས་ཅན་སྐྲུན་རྒྱུ་ནི་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་ཞིང་། ལྗོངས་ཡོངས་ཀྱི་སྡེ་ཚན་སོ་སོ་དང་། གྲོང་ཁྱེར་དང་ས་གནས་སོ་སོ། ཁེ་ལས་སོ་སོ། དེ་མིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་སོ་སོ་བཅས་གཅིག་ཏུ་བསྡུས་ཚེ་ད་གཟོད་ཐོན་རྫས་གྲགས་ཅན་འཕེལ་རྒྱས་ཀྱི་མཐོ་ཚད་གསར་བ་སྐྲུན་ཐུབ། རིམ་པ་སོ་སོའི་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། ཚོང་རྟགས་དང་། ཐོན་རྫས། ཁྲོམ་ར་སོགས་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་རང་འགུལ་ངང་ལས་དོན་ཧུར་ཐག་བསྒྲུབས་ནས“སའི་གོ་ལའི་སྣེ་གསུམ་པའི”ཐོན་རྫས་གྲགས་ཅན་འཛུགས་སྐྲུན་གྱི་བྱ་བ་སོ་སོ་སྔར་ལས་ཡག་པོ་སྒྲུབ་དགོས། ལས་འགན་ཁ་གསལ་དང་། བྱ་ཐབས་ཞིབ་ཚགས། འགན་འཁྲི་སླར་ཡང་དངོས་འབེབས་བཅས་བྱས་ནས“སའི་གོ་ལའི་སྣེ་གསུམ་པའི”ཐོན་རྗས་གྲགས་ཅན་འཛུགས་སྐྲུན་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།